ཀྲུང་གོ་བོད་ཀྱི་དྲ་བ།

​རིང་ཚད་སྤྱི་ལེ828ཙམ་ཡོད་པའི་ཧྲའན་ཤིས་ཀྱི་རྨ་ཆུའི་རྒྱུད་ཀྱི་གཞུང་ལམ་ཤར་གཏོང་ཐུབ་པ་དེས་ལམ་རྒྱུད་ཀྱི་མང་ཚོགས་ཁྲི200ལྷག་ཙམ་ལ་ཕན་པ་ཐོབ་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-08-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༄༅།།རིང་ཚད་སྤྱི་ལེ་828ཙམ་ཡོད་པའི་ཧྲའན་ཤིས་ཀྱི་རྨ་ཆུའི་རྒྱུད་ཀྱི་གཞུང་ལམ་ཤར་གཏོང་ཐུབ་པ་དེས་ལམ་རྒྱུད་ཀྱི་མང་ཚོགས་ཁྲི་200ལྷག་ཙམ་ལ་ཕན་པ་ཐོབ་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ8ཚེས28ཉིན་གྱི་སྔ་དྲོ། རིང་ཚད་ཧྲིལ་པོར་སྤྱི་ལེ828.5ཡོད་པའི་ཧྲའན་ཤིས་ཀྱི་རྨ་ཆུའི་རྒྱུད་ཀྱི་གཞུང་ལམ་དངོས་སུ་ཤར་གཏོང་ཐུབ་པ་དང་རྨ་ཆུའི་རྒྱུད་དུ་བཟོས་པའི་འགྲིམ་འགྲུལ་མ་ལམ་དེ་ཧྲའན་ཤིས་ལྷོ་ནུབ་བྱང་གསུམ་ལ་ཁྱབ་པའི་རྨ་ཆུའི་རྒྱུད་ཀྱི་གཞུང་ལམ་དེས་ལམ་རྒྱུད་ཀྱི་མང་ཚོགས་མི་གྲངས་ཁྲི200ལྷག་ཙམ་ལ་ཕན་པ་ཐོབ་ནས་རྨ་ཆུའི་རྒྱུད་ཀྱི་ས་ཁུལ་གྱི་ཡུལ་སྐོར་གསར་སྤེལ་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། ས་ཁུལ་དབུལ་པོའི་དབུལ་སྒྲོལ་ཕྱུག་འགྱུར་བཅས་ཀྱི་ཐད་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་ཐོན་རྒྱུ་ཡིན་ཞིང་། འདི་ནི་རྨ་ཆུའི་རྒྱུད་ཀྱི་གཞུང་ལམ་གྱི་ཡན་ཨན་དུམ་བུ་ཡིན་པ།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།