ཀྲུང་གོ་བོད་ཀྱི་དྲ་བ།

​ཀུའེ་ཀྲོའུ་ནཱ་ཡུང་རྫོང་གི་རི་ཉིལ་གནོད་འཚེ་ལས་མི17གྲོངས་ཡོད་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-08-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༄༅།།ཀུའེ་ཀྲོའུ་ནཱ་ཡུང་རྫོང་གི་རི་ཉིལ་གནོད་འཚེ་ལས་མི་17གྲོངས་ཡོད་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ཟླ8ཚེས29ཉིན། ཀུའེ་ཀྲོའུ་ཞིང་ཆེན་ནཱ་ཡུང་རྫོང་གི་རི་ཉིལ་གནོད་འཚེ་བྱུང་ཁུལ་དུ། དྲག་ཆས་ཉེན་རྟོག་པ་དང་། ཆུ་གློག་སྡེ་ཁག་སོགས་ཀྱི་མྱུར་སྐྱོབ་མི་སྣ་ཡིས་ལས་གྲྭའི་སྒྲིག་ཆས་བཀོལ་སྤྱོད་བྱས་ནས་མི་སྣ་མྱུར་སྐྱོབ་བྱེད་བཞིན་ཡོད་ལ། ཚེས29ཉིན་གྱི་ཆུ་ཚོད16:30བར་དུ། ནཱ་ཡུང་རྫོང་གི་རི་ཉིལ་གནོད་འཚེ་ཁུལ་དུ་མི25མྱུར་སྐྱོབ་ཐུབ་པ་དང་། དེའི་ནང་མི17གྲོངས་ཡོད་ལ། མི8རྨས་ཡོད་པ་རེད། ད་ལྟ་ད་དུང་མི18གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད།
ཟླ8ཚེས28ཉིན་གྱི་ཆུ་ཚོད10:40ཡས་མས་སུ། ཀུའེ་ཀྲོའུ་ཞིང་ཆེན་པི་ཅེ་གྲོང་ཁྱེར་ནཱ་ཡུང་རྫོང་ཀྲང་ཅ་ཝན་གྲོང་རྡལ་གྱི་ཕུའུ་སཱ་སྡེ་ཁུལ་དུ་རི་ཉིལ་གྱི་རང་བྱུང་གནོད་འཚེ་བྱུང་བ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།