ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་བཟོ་ལས་ཐོན་རྫས་ཀྱི་ཐོན་སྐྱེད་ཁྲོལ་ཡིག་ལམ་ལུགས་བཅོས་བསྒྱུར་སྤེལ་བའི་ཡུལ་དངོས་བརྗེ་རེས་ཚོགས་འདུ་ཐད་མཆན་བཀོད་མཛུབ་སྟོན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  བཟོ་ལས་ཐོན་རྫས་ཀྱི་ཐོན་སྐྱེད་ཁྲོལ་ཡིག་ལམ་ལུགས་བཅོས་བསྒྱུར་སྤེལ་བའི་ཡུལ་དངོས་བརྗེ་རེས་ཚོགས་འདུ་ཉེ་སྔོན་ཅང་སུའུ་ཞིང་ཆེན་སུའུ་ཆེན་གྲོང་ཁྱེར་ནས་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། མཆན་བཀོད་མཛུབ་སྟོན་ལས་བསྟན་དོན། བཟོ་སྐྲུན་ལས་རིགས་ནི་དངོས་གཉེར་དཔལ་འབྱོར་རྨང་གཞི་གཙོ་བོ་ཡིན་པས། ཉེ་བའི་ལོ་འགའི་རིང་ཀྲུང་གོའི་བཟོ་སྐྲུན་འཕེལ་རྒྱས་དང་འཛད་སྤྱོད་རིམ་སྤོར་བྱས་པ་དང་བསྟུན་ནས། བཟོ་ལས་ཐོན་རྫས་ཀྱི་རིགས་སྣ་གསར་བསྒྱུར་བྱེད་ཚད་ཇེ་མགྱོགས་སུ་སོང་ན་ཡང་། ཁེ་ལས་ཚོང་རར་འཇུག་པའི་ལམ་ལུགས་རང་བཞིན་གྱི་ཉོ་ཚོང་མ་རྩ་ཅུང་མཐོ་བའི་གནད་དོན་འབུར་ཐོན་ཡིན་ལ། དེ་དང་མཉམ་དུ། ཐོན་རྫས་རྫུན་མར་རྡུང་རྡེག་བྱེད་པ་དང་། ཚོང་རར་འཇུག་པའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བའི་ལས་འགན་ཡང་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད་པས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། རྒྱུན་མཐུད་ངང་སྲིད་གཞུང་གི་འགན་ནུས་བསྒྱུར་བར་སྐུལ་འདེད་གཏོང་བ། བཟོ་ལས་ཐོན་རྫས་ཀྱི་ཐོན་སྐྱེད་ཁྲོལ་ཡིག་ལམ་ལུགས་ལ་བཅོས་བསྒྱུར་བྱེད་རྒྱུ་དེ་སྲིད་བསྡུ་དབང་གཏོང་དང་། དབང་གཏོང་དང་དོ་དམ་གཉིས་ཟུང་འབྲེལ་བྱེད་པ། ཞབས་ཞུ་ལེགས་བསྒྱུར་གྱི་བཅོས་བསྒྱུར་སྤེལ་བའི་ནང་དོན་གཙོ་བོར་བརྩིས་པ་དང་། ཚོང་རའི་དགོས་མཁོ་དང་མཐུན་པར་བྱེད་པ། བཟོ་ལས་ཐོན་རྫས་ཚོང་རར་འཇུག་པའི་སྔོན་གྱི་ཆན་འགོད་རྒྱུད་རིམ་སྟབས་བདེ་རུ་བསྒྱུར་བ། ལག་རྩལ་གསར་བ་དང་བཟོ་རྩལ་གསར་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཐོན་རྫས་སྔར་ལས་ཕུན་སུམ་ཇེ་ཚོགས་དང་རྒྱུ་སྤུས་སྔར་ལས་ཇེ་བཟང་། ཚོང་ར་སྔར་ལས་འཕེལ་རྒྱས་སུ་གཏོང་དགོས། དེ་དང་མཉམ་དུ། དབང་གཏོང་དང་དོ་དམ་གཉིས་ཟུང་འབྲེལ་བྱེད་པར་རྒྱུན་འཁྱོངས་བྱེད་པ་དང་། ཉེན་ཁ་ཆེ་བའི་ཐོན་རྫས་ཐད་ཀྱི་མཆན་འགོད་དོ་དམ་ལ་ཤུགས་སྣོན་པ་དང་། སྲིད་གཞུང་གིས་སྟོབས་ཤུགས་ཆེན་པོ་གཅིག་བསྡུས་བྱས་ནས་ཁྲོལ་ཡིག་ལེན་པའི་སྐབས་དང་ཁྲོལ་ཡིག་བླངས་རྗེས་ཀྱི་ལྟ་སྐུལ་དོ་དམ་ཐད་ཤུགས་སྣོན་པ། ཐོན་རྫས་རྫུན་མ་གཅིག་ཀྱང་མེད་པར་བྱེད་པ། འདྲ་མཉམ་དྲང་གཞག་གི་ཚོང་རའི་ཁོར་ཡུག་གསར་སྐྲུན་བྱས་ནས། ཀྲུང་གོའི་བཟོ་སྐྲུན་གྱི་རྒྱུ་སྤུས་མཐོར་འདེགས་བྱེད་པའི་ཐད་སྐུལ་འདེད་གཏོང་དགོས་ཟེར།

རྒྱལ་སྲིད་ཨུ་ཡོན་ཝང་ཡུང་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།