ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཏི་ཅང་གིས་ཧིན་རྡུ་ཉི་ཞི་ཡའི་ཆབ་སྲིད་ཁྲིམས་ལུགས་བདེ་འཇགས་གཅིག་གྱུར་འཆར་འགོད་པུའུ་ཀྲང་དང་དཔལ་འབྱོར་གཅིག་གྱུར་འཆར་འགོད་པུའུ་ཀྲང་གཉིས་ལ་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

张德江.jpg

ཟླ་བརྒྱད་པའི་ཚེས་ཉེར་གཉིས་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ཁང་ཀྲུང་གོར་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་གཉིས་ཀྱི་ཙུང་ལི་གཞོན་པ་རིམ་པའི་གྲོས་མོལ་ལམ་ལུགས་ཀྱི་གྲོས་ཚོགས་ཐེངས་དྲུག་པར་ཞུགས་པར་ཡོང་བའི་ཧིན་རྡུ་ཉི་ཞི་ཡའི་ཆབ་སྲིད་ཁྲིམས་ལུགས་བདེ་འཇགས་གཅིག་གྱུར་འཆར་འགོད་པུའུ་ཀྲང་ཝེ་ལན་ཐོ་དང་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་གཉིས་ཀྱི་རིམ་པ་མཐོ་བའི་དཔལ་འབྱོར་གྲོས་མོལ་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པར་ཡོང་བའི་དཔལ་འབྱོར་གཅིག་གྱུར་འཆར་འགོད་པུའུ་ཀྲང་ཏ་ཨར་མེན་གཉིས་ལ་ཐུག་འཕྲད་བྱས།  


ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་ཉེར་གཉིས་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ཁང་ཀྲུང་གོར་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་གཉིས་ཀྱི་ཙུང་ལི་གཞོན་པ་རིམ་པའི་གྲོས་མོལ་ལམ་ལུགས་ཀྱི་གྲོས་ཚོགས་ཐེངས་དྲུག་པར་ཞུགས་པར་ཡོང་བའི་ཧིན་རྡུ་ཉི་ཞི་ཡའི་ཆབ་སྲིད་ཁྲིམས་ལུགས་བདེ་འཇགས་གཅིག་གྱུར་འཆར་འགོད་པུའུ་ཀྲང་ཝེ་ལན་ཐོ་དང་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་གཉིས་ཀྱི་རིམ་པ་མཐོ་བའི་དཔལ་འབྱོར་གྲོས་མོལ་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པར་ཡོང་བའི་དཔལ་འབྱོར་གཅིག་གྱུར་འཆར་འགོད་པུའུ་ཀྲང་ཏ་ཨར་མེན་གཉིས་ལ་ཐུག་འཕྲད་བྱས།

ཀྲང་ཏི་ཅང་གིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཙོ་ཁི་གཉིས་ཀྱིས་ཐུག་འཕྲད་ཐེངས་མང་བྱས་ནས་ཐུན་མོང་གི་ལྟ་བ་མང་པོ་བྱུང་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡུན་རིང་དུ་འཕེལ་རྒྱས་སུ་གཏོང་བར་ཁ་ཕྱོགས་གསལ་བོ་བསྟན། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་གཙོ་བར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ལྟ་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་། མཐོ་རིམ་བར་གྱི་འགྲོ་འོང་ཇེ་མང་དུ་གཏོང་བ། འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་བྱེད་པར་ཤུགས་སྣོན་པ། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་སུ་གཏོང་འདོད་ཡོད།

ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་ཧིན་རྡུ་ཉི་ཞི་ཡའི་ཁྲིམས་འཛུགས་ལས་ཁུངས་བར་གྱི་འགྲོ་འོང་དང་མཉམ་ལས་ལ་ཤུགས་བསྣན་ཏེ། དངོས་གཉེར་མཉམ་ལས་ཀྱི་ཁྲིམས་ལུགས་དང་ལམ་ལུགས་ཀྱི་ཁོར་ཡུག་བཟང་བོ་བསྐྲུན་ནས། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་དམངས་འདུན་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་འདོད་ཡོད་ཟེར།

ཝེ་ལན་ཐོ་དང་ཏ་ཨར་མེན་གཉིས་ཀྱིས་བཤད་རྒྱུར། ཧིན་རྡུ་ཉི་ཞི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཆབ་སྲིད་བདེ་འཇགས་དང་དཔལ་འབྱོར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

ཝང་ཁྲིན་དང་དབྱང་ཅེ་ཁྲི་གཉིས་ཐུག་འཕྲད་ལ་ཞུགས། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།