ཀྲུང་གོ་བོད་ཀྱི་དྲ་བ།

སྡེ་ཚན་བརྒྱད་ཀྱིས་དྲ་སྦྲེལ་ཐོག་གི་ཆགས་སྲེད་ཆ་འཕྲིན་བཅོས་སྒྲིག་བྱ་སྤྱོད་སྤེལ་བ། 

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2017-08-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་དུས། རྒྱལ་ཡོངས“འཆལ་རྡུང་ལོག་སེལ”གཞུང་ལས་ཁང་གིས་དྲིལ་བསྒྲགས་དང་། དྲ་འཕྲིན། བཟོ་འཕྲིན། སྤྱི་བདེ། རིག་གནས། བཟོ་ཚོང་། གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སོགས་སྡེ་ཚན་དང་མཉམ་དུ་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་དྲ་སྦྲེལ་ཐོག་གི་ཆགས་སྲེད་ཆ་འཕྲིན་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་ཡོད། ཟླ་8པ་ནས་བཟུང་ཆེད་དོན་བྱ་སྤྱོད་སྤེལ་འགོ་ཚུགས་པ་དང་བཀོད་སྒྲིག་གྲ་སྒྲིག་དང་། བཅོས་སྒྲིག་བྱ་སྤྱོད། ཕྱོགས་ཡོངས་ཕྱོགས་སྡོམ་བཅས་ཁག་གསུམ་དུ་ཕྱེ་ནས་ཟླ་9པའི་ཟླ་མཇུག་ཏུ་མཇུག་འགྲིལ་རྒྱུ་རེད།

རྒྱལ་ཡོངས“འཆལ་རྡུང་ལོག་སེལ”གཞུང་ལས་ཁང་གི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་ཆེད་དོན་བྱ་སྤྱོད་ནང་གཙོ་གནད་ལས་འགན་ཁག་གསུམ་སྟེ། གཅིག་ནས་དྲ་སྦྲེལ་ཁེ་ལས་ཀྱིས་ནང་དོན་དོན་འཁྱོལ་བྱེད་པའི་གནད་འགག་དམ་འཛིན་གྱི་འགན་འཁྲི་ལྟ་སྐུལ་ནན་པོ་བྱེད་པ་དང་། དྲ་སྦྲེལ་དྲ་ཚུགས་དང་། ཉེར་སྤྱོད་མ་ལག དཔོད་ཆུང་། སྐད་འཕྲིན། འཚོལ་བཤེར་སྒུལ་བྱེད་སོགས་འབྲེལ་ཡོད་གཉེར་སྐྱོང་ཁེ་ལས་ཀྱིས་ནང་དོན་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་པ། རང་བཤེར་རང་བཅོས་གཏིང་ཟབ་བྱེད་པ་བཅས་བྱས་ནས་ཆགས་སྲེད་སོགས་ཚུལ་མིན་ཆ་འཕྲིན་ངོས་འཛིན་དང་ཐག་གཅོད་ནུས་པ་ཆེ་རུ་ནུས་ལྡན་བཏང་བ་དང་། གཉིས་ནས་མ་རབས་ཐ་ཤལ་གྱི་ནང་དོན་ལྡན་པའི་ཁྲིམས་འགལ་དྲ་སྦྲེལ་བརྡ་ཆར་རྡུང་རྡེག་ཚ་ནན་གཏོང་བ་དང་། སྨན་བཅོས་དང་། སྨན་རྫས། བཟའ་བཅའ། བདེ་སྲུང་སྨན་རྫས། མ་འཇོག་ཉར་ཚགས་སོགས་ནང་དོན་དང་འབྲེལ་བའི་དྲ་སྦྲེལ་བརྡ་ཆར་གཙོ་གནད་ཐོག་ལྟ་སྐུལ་དོ་དམ། ཆགས་སྲེད་པར་རིས་དང་བརྙན་ལམ་སོགས་ལྟ་རྒྱུར་བསླུ་ཁྲིད་དང་དྲ་ཚུགས་ཁྱབ་གདལ་སོགས་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བཅས་བྱས་ནས་ཆགས་སྲེད་ཀྱི་ནང་དོན་ལྡན་པའི་ཁྲིམས་འགལ་བརྡ་ཆར་ཁྲིམས་ལྟར་བཅོས་སྒྲིག་བྱས་པ། གསུམ་ནས་མ་རབས་ཐ་ཤལ་གྱི་དྲ་རྒྱའི་རོལ་རྩེད་གཙང་བཤེར་ཤུགས་ཆེན་བྱེད་པ་དང“སྐོར་རྡོ་རྒྱག་པ”གཡོ་ཐབས་སུ་བྱེད་པ་དང་མ་རབས་ཐ་ཤལ་གྱི་ནང་དོན་ལྡན་པའི་རོལ་རྩེད་དྲ་ཐོག་ཏུ་བརྒྱུད་སྤེལ་བྱ་རྒྱུ་གཏན་འགོག་བྱས་ཏེ་ཆགས་སྲེད་བརྡ་ཆར་བརྟེན་ནས་རོལ་རྩེད་ཁྱབ་གདལ་གཏོང་མཁན་ཁེ་ལས་ལ་ཆད་པ་མཐའ་གཅིག་ཏུ་བཅད་ཡོད། རྒྱལ་ཡོངས“འཆལ་རྡུང་ལོག་སེལ”གཞུང་ལས་ཁང་གིས་ས་གནས་ཁག་གི“འཆལ་རྡུང་ལོག་སེལ”གཞུང་ལས་ཁང་ལ་དྲ་རྒྱའི་ལྟ་ཞིབ་སྟོབས་ཤུགས་སྣ་ཚོགས་སྤྱད་དེ་དྲ་བ་ཡོངས་ལ་ལྟ་ཞིབ་བྱས་ཏེ་འབྲེལ་ཡོད་ཁྲིམས་འགལ་སྒྲིག་འགལ་བྱེད་སྤྱོད་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།