ཀྲུང་གོ་བོད་ཀྱི་དྲ་བ།

ཡུས་ཀྲིན་ཧྲིན་གྱིས་ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཡན་ལག་ཚོགས་པ་དང་པོ་ཁྲིད་དེ་ཧུའུ་ཧི་ཧོ་ཐི་ཡི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

俞正声率2.jpg

པར་འདི་ནི་ཡུས་ཀྲིན་ཧྲིན་གྱིས་ཧུའུ་ཧི་ཧོ་ཐི་སེ་ཧན་ཆུའུ་ཡི་མི་རིགས་འདུས་སྡོད་བྱེད་པའི་ཞིན་ཁང་སྡོད་ཁུལ་ནས་བྱིས་པ་ཚོ་དང་བརྗེ་རེས་བྱས་པའི་ཚུལ་རེད། 

俞正声率3.jpg

པར་འདི་ནི་ཡུས་ཀྲིན་ཧྲིན་ཧུའུ་ཧི་ཧོ་ཐི་གྲོང་ཁྱེར་གྱི་ནང་སོག་རང་སྐྱོང་ལྗོངས་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་གཏམ་བཤད་པའི་ཚུལ་རེད། 
 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཡུས་ཀྲིན་ཧྲིན་གྱིས་ཚེས་དགུ་ཉིན་ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཡན་ལག་ཚོགས་པ་དང་པོ་ཁྲིད་དེ་ཧུའུ་ཧི་ཧོ་ཐི་ཡི་གཞི་རིམ་གྱི་སྡོད་ཁུལ་དང་ཁེ་ལས་སྡེ་ཁག་ལ་སོང་སྟེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་བརྩེ་བའི་ཐུགས་ཁུར་ས་དེའི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་བསྐྱལ།

སྔ་དྲོའི་དུས་ཚོད་དགུའི་ཐོག་ཡུས་ཀྲིན་ཧྲིན་སོགས་བློ་མཐུན་བུའུ་ལན་ཧྥུའུ་ཡི་རྗེས་དྲན་ཁང་དུ་སོང་སྟེ། གསར་རྗེ་རྒན་རབས་པས་ཏང་དང་རྒྱལ་ཁབ། མི་དམངས་བཅས་ཀྱི་དོན་དུ་བཞག་པའི་ལོ་རྒྱུས་ཀྱི་མཛད་རྗེས་ལ་རྗེས་དྲན་བྱས། ཡུས་ཀྲིན་ཧྲིན་གྱིས་ཚད་ལྡན་ཡིག་རིགས་དང་ལོ་རྒྱུས་རིག་དངོས། འདྲ་པར་བཅས་ལ་བལྟས་པ་དང་འགྲེལ་བཤད་ལ་ཞིབ་ཏུ་ཉན་ནས། བློ་མཐུན་བུའུ་ལན་ཧྥུའུ་ཡིས་ནང་སོག་རང་སྐྱོང་ལྗོངས་བཙུགས་པར་བཞག་པའི་ཁྱད་འཕགས་བྱས་རྗེས་དང་འོད་སྟོང་འབར་བའི་གསར་བརྗེའི་ལོ་རྒྱུས་ལ་རྒྱུས་ལོན་བྱས།

སེ་ཧན་ཆུའུ་ཡི་མི་རིགས་མང་པོ་འདུས་སྡོད་བྱེད་པའི་ཞིན་ཁང་སྡོད་ཁུལ་ནས་ཡུས་ཀྲིན་ཧྲིན་གྱིས་ལས་བྱེད་མི་སྣར་སྡོད་ཁུལ་གྱི་མང་ཚོགས་ལ་ཞབས་ཕྱི་སྒྲུབ་པའི་གནས་ཚུལ་རྒྱུས་ལོན་བྱས། ཁོས་བཤད་རྒྱུར། གྲོང་ཁྱེར་གྱི་མི་རིགས་བྱ་བའི་རྐང་འཛུགས་ནི་སྡོད་ཁུལ་ཡིན་པས། མཉམ་དུ་སྡོད་པ་དང་མཉམ་དུ་སློབ་སྦྱོང་བྱེད་པ། མཉམ་དུ་བྱ་བ་སྒྲུབ་པ། མཉམ་དུ་སྤྲོ་སྐྱིད་རོལ་བ་བཅས་ཀྱི་སྤྱི་ཚོགས་ཆ་རྐྱེན་གསར་གཏོད་བྱས་ནས། རིགས་སོ་སོའི་མང་ཚོགས་འཆམ་མཐུན་མཉམ་གནས་དང་མཐུན་སྒྲིལ་རོགས་རམ་བྱེད་དུ་འཇུག་དགོས་ཟེར།

དེའི་རྗེས་སུ། ཡུས་ཀྲིན་ཧྲིན་གྱིས་ཧུའུ་ཧི་ཧོ་ཐིན་གྲོང་ཁྱེར་གྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མིར་ཐུག་འཕྲད་བྱས་པར་མ་ཟད། ཧུའུ་ཧི་ཧོ་ཐི་གྲོང་ཁྱེར་གྱི་ནང་སོག་རང་སྐྱོང་ལྗོངས་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུར་ཞུགས། ས་དེའི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མིའི་གཏམ་བཤད་ལ་ཞིབ་ཏུ་ཉན་རྗེས། ཡུས་ཀྲིན་ཧྲིན་གྱིས་ཚང་མས་རང་སྐྱོང་ལྗོངས་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པ་དེ་མགོ་ཚུགས་ས་གསར་བ་ཞིག་ཏུ་བརྩིས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་བཅས་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདུན་པའི་ཚེས་ཉེར་དྲུག་ཉིན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ནས། འཕེལ་རྒྱས་ཀྱི་བྱེད་ཐབས་སྒྱུར་བ་དང་། གྲུབ་ཚུལ་ལེགས་སྒྲིག་བྱེད་པ། བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། དམངས་ཚིས་ལ་ཁེ་ཕན་སྐྲུན་པ། ཉེན་ཁ་སྔོན་འགོག་བྱེད་པ་བཅས་ཀྱི་ཐད་ནས་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་བ་ལེན་པར་འབད་བརྩོན་བྱེད་དགོས་ལ། མི་རིགས་མཐུན་སྒྲིལ་བྱ་བ་བཟང་བོར་བསྒྲུབས་ཏེ། བྱས་རྗེས་ཁྱད་དུ་འཕགས་པས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བར་བསུ་བ་བྱེད་དགོས་པའི་སྐུལ་མ་བཏང་།

ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་ཝང་ཀྲིན་བེ་དང་ཀྲང་ཡང་། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་མི་སྣ་ཁ་ཤས་བཅས་གོང་གི་བྱ་འགུལ་ཁྲོད་ཞུགས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།