ཀྲུང་གོ་བོད་ཀྱི་དྲ་བ།

ན་ནིང་ལོ་མཇུག་བར་དུ་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་གྱི་ཁ་གཏད་མི་བྱེ་བ་དྲུག་དང་དྲུག་འབུམ་དྲུག་ཁྲི་བདུན་སྟོང་ཟིན་པ།    

ཡོང་ཁུངས། : ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།      སྤེལ་དུས། : 2017-08-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས་༤ཉིན་གསར་འགོད་པར་དམངས་སྲིད་པུའུ་ནས་ཤེས་རྟོགས་བྱུང་བར། སྤྱི་ལོ་༢༠༡༦ལོའི་རྒྱལ་ཡོངས་དམངས་སྲིད་ཁོངས་གཏོགས་ཀྱི་སྒྱུར་བཅོས་གསར་སྐྲུན་ལ་སྐུལ་འདེད་བཏང་ནས། མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་བྱ་རྒྱུ་ལག་བསྟར་ཏན་ཏིག་བྱས་ཡོད། སྤྱི་ལོ་༢༠༡༦ལོའི་ལོ་མཇུག་བར། རྒྱལ་ཡོངས་སུ་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་ལེན་གྱི་ཁ་གཏད་དུད་ཁྱིམ་ས་ཡ་བརྒྱད་དང་ལྔ་འབུམ་ལྔ་ཁྲི་སུམ་སྟོང་དང་། མི་བྱེ་བ་གཅིག་དང་ས་ཡ་བཞི་དང་བརྒྱད་འབུམ་ཉིས་སྟོང་ཡོད། ལོ་ཧྲིལ་པོའི་རིམ་པ་ཁག་གི་ནོར་སྲིད་གཏོང་སྒོའི་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་ལེན་དངུལ་སྒོར་དུང་ཕྱུར་དྲུག་བརྒྱ་བརྒྱད་ཅུ་གྱ་བདུན་དང་བྱེ་བ་དགུ་ཟིན་པ་དང་། སྤྱི་ལོ་༢༠༡༦ལོའི་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་ལེན་གྱི་ཆ་སྙོམས་ཚད་གཞི་དེ་མི་རེར་ཟླ་བ་རེར་སྒོར་༤༩༤དང་སྒོར་ཟུར་༦ཟིན་པ་དང་། ལོ་གོང་མ་ལས་༩.༦%འཕར་ཡོད། རྒྱལ་ཡོངས་སུ་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་གྱི་ཁ་གཏད་དུད་ཁྱིམ་བྱེ་བ་གཉིས་དང་ས་ཡ་དྲུག་དང་གསུམ་འབུམ་ལྔ་ཁྲི་སུམ་སྟོང་ཟིན་པ་དང་། མི་འབོར་བྱེ་བ་བཞི་དང་ས་ཡ་ལྔ་དང་བརྒྱད་འབུམ་དྲུག་ཁྲི་ལྔ་སྟོང་ཟིན་ཡོད། ལོ་ཧྲིལ་པོའི་རིམ་པ་ཁག་གི་ནོར་སྲིད་གཏོང་སྒོའི་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་དངུལ་སྒོར་དུང་ཕྱུར་ཆིག་སྟོང་བརྒྱ་མེད་བཅུ་བཞི་དང་བྱེ་བ་ལྔ་ཟིན་ཡོད། སྤྱི་ལོ་༢༠༡༦ལོར་རྒྱལ་ཡོངས་ཀྱི་གྲོང་གསེབ་མ་མཐའི་འཚོ་བའི་འགན་ལེན་གྱི་ཆ་སྙོམས་ཚད་གཞི་དེ་མི་རེར་ལོ་རེར་སྒོར་སུམ་སྟོང་བདུན་བརྒྱ་བཞི་བཅུ་རྩ་བཞི་ཟིན་པ་དང་། ལོ་གོང་མ་ལས་༡༧.༨%འཕར་ཡོད་པ་རེད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།