ཀྲུང་གོ་བོད་ཀྱི་དྲ་བ།

ལོ་སྟོད་དུ་རང་རྒྱལ་གྱི་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་ཐད་གྲངས་གནས་གཉིས་ཀྱི་ཐོག་ནས་འཕར་སྣོན་བྱུང་བ།

ཡོང་ཁུངས། : ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།     སྤེལ་དུས། : 2017-08-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ད་ལོའི་ལོ་སྟོད་དུ། རང་རྒྱལ་གྱི་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་ཐད་གྲངས་གནས་གཉིས་ཀྱི་འཕར་སྣོན་བྱུང་བ་དང་། གཏོང་ཉུང་འདྲེན་མང་གི་ཧེ་བག་སྔར་བས་ཆེ་རུ་ཕྱིན་ཡོད། ཚོང་དོན་པུའི་འབྲེལ་ཡོད་འགན་འཁུར་མི་སྣས། འགྲུལ་སྐྱོད་ནི་ཞབས་ཞུའི་ཉོ་ཚོང་ གཏོང་ཉུང་འདྲེན་མང་གི་ཧེ་བག་འཕར་སྣོན་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་རྒྱུ་རྐྱེན་གལ་ཆེ་ཤོས་ཡིན་པ་དང་། ཨ་རི་ནི་ཞབས་ཞུའི་ཉོ་ཚོང་གི་གཏོང་ཉུང་འདྲེན་མང་གི་ཧེ་བག་ཆེ་ཤོས་ཡིན་པའི་རྒྱལ་ཁབ་ཡིན་ཞེས་གསུངས་འདུག

ཚོང་དོན་པུའི་གྲངས་གཞི་ལས་མངོན་པར། འདི་ལོའི་ལོ་སྟོད་དུ་རང་རྒྱལ་གྱི་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་བྱེད་པའི་སྤྱི་འབོར་སྒོར་དུང་ཕྱུར་༢༢༨༧༡དང་བྱེ་བ་༤ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་༡༢དང་གྲངས་ཆུང་༩འཕར་ཡོད་པ་རེད། ལོ་སྟོད་དུ་ཞབས་ཞུའི་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་གྱི་ཟླ་བ་རེའི་འཕར་སྣོན་མྱུར་ཚད་ཟམ་མི་ཆད་པར་མགྱོགས་སུ་ཕྱིན་པ་དང་། དེའི་ནང་ནས་ཟླ་བ་དྲུག་པར་དུས་མཚུངས་ལས་བརྒྱ་ཆ་༣༠ཙམ་མགྱོགས་པ་བྱུང་ནས། ཟླ་བ་༡༨རིང་གི་མགྱོགས་ཤོས་སུ་གྱུར་ཡོད་པ་རེད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།