ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲུང་པུའུ་ཡིས་གཟབ་རྒྱས་ཆེ་བའི་སྣེ་ལེན་ཚོགས་འདུ་བསྡུས་ནས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ཏེ་ལོ་དགུ་བཅུ་ལོན་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲུང་པུའུ་ཡིས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ཆེ་བའི་སྣེ་ལེན་ཚོགས་འདུ་བསྡུས་ནས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ཏེ་ལོ་དགུ་བཅུ་ལོན་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་སྣེ་ལེན་ཚོགས་འདུ་ལ་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲུང་པུའུ་ཡིས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ཆེ་བའི་སྣེ་ལེན་ཚོགས་འདུ་བསྡུས་ནས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ཏེ་ལོ་དགུ་བཅུ་ལོན་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་སྣེ་ལེན་ཚོགས་འདུ་ལ་ཞུགས།

མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་དུ་གློག་འོད་རྣམ་པར་བཀྲ་བ་དང་། དུས་ཆེན་གྱི་དགའ་སྤྲོའི་དཔལ་གྱིས་ཁེངས་ཡོད། ཀྲུའུ་ཞིའི་སྟེགས་བུའི་རྒྱབ་རས་ཀྱི་དཀྱིལ་དུ་བརྒྱད་གཅིག་དམག་རྟགས་ཆེན་པོ་ཞིག་བཀལ་ཡོད་པ་དང་། ལོགས་གཉིས་སུ་བཀྲགས་མདངས་འཚེར་བའི་དར་དམར་བཅུས་བརྒྱན་ཡོད། 1927ནས2017ཞེས་པའི་ཡིག་འབྲུ་ཆེན་པོ་འགས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ལོ་ངོ་དགུ་བཅུའི་འོད་སྟོང་འབར་བའི་དུས་རིམ་བརྒྱུད་པ་མཚོན་ཡོད། དུས་ཚོད་བཅོ་བརྒྱད་ཙམ་གྱི་སྟེང་དགའ་སྤྲོའི་མགྲོན་བསུའི་རོལ་དབྱངས་ཁྲོད་དུ། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་གསོལ་སྟོན་ཚོམས་ཆེན་དུ་ཐོན་ནས། རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་སྟོང་གཅིག་དང་བརྒྱད་བརྒྱ་ལྷག་དང་དགའ་སྤྲོའི་ངང་ལྷན་དུ་འཛོམས།

སྣེ་ལེན་ཚོགས་འདུ་དེ་རྔམ་བརྗིད་ལྡན་པའི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་གླུའི་ཁྲོད་ནས་འགོ་བརྩམས། ཀྲུང་དབྱང་དམག་ཨུའི་ཨུ་ཡོན། རྒྱལ་སྲིད་ཨུ་ཡོན་གྱི་ཞོར་དུ་རྒྱལ་སྲུང་པུའུ་ཀྲང་གི་འགན་འཁུར་མཁར་ཁྲང་ཝན་ཆོན་གྱིས་ཆང་འདྲེན་སྨོན་ཚིག་ཕུལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ལྟར། ཁོས་ཐོག་མར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུ་བཅས་ཀྱི་ཚབ་བྱས་ཏེ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག གྲ་སྒྲིག་དམག་དཔུང་གི་དམག་མི་དང་རྒྱ་ཆེའི་དམངས་དམག་རྣམས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་དང་། རྒྱལ་སྲུང་ཚན་རྩལ་བཟོ་ལས་འཐབ་ཕྱོགས་སུ་དཀའ་སྤྱད་འབད་འཐབ་བྱེད་བཞིན་པའི་བློ་མཐུན་རྣམས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་འཛུགས་སྐྲུན་ཐད་བྱས་རྗེས་གལ་ཆེན་བཞག་པའི་ལས་འཁྱུར་དང་ལས་བྲལ་ངལ་གསོའི་བློ་མཐུན་རྒན་པ་དང་འཐབ་མོ་བ་རྒན་པ། ལས་རིགས་བསྒྱུར་བ་དང་དམག་ཁོངས་ལས་བུད་པའི་དམག་མི། གསར་བརྗེ་དམག་མི་རྨས་མ་དང་སྔོན་གཤེགས་དཔའ་བོའི་ཁྱིམ་མི་བཅས་ལ་བརྩེ་བའི་འཚམས་འདྲི་ཞུས་པ་དང་། བརྒྱད་གཅིག་གཟེངས་རྟགས་ཐོབ་པའི་བློ་མཐུན་དང་། དམག་དཔུང་གི་དཔའ་བོ་དཔེ་ལེགས་ཅན་གྱི་འཐུས་ཚབ། རྒྱལ་ཡོངས་ཀྱི་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་གྱི་དཔེ་ལེགས་མི་སྣའི་འཐུས་ཚབ། རྒྱལ་ཡོངས་ཀྱི་དམག་དཔུང་གི་ལས་བསྒྱུར་ལས་བྱེད་པའི་འཐུས་ཚབ་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུས། དུས་ཡུན་རིང་པོར་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ཐད་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། མི་དམངས་ཚོགས་པ། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་བཅས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཞུས། སྣེ་ལེན་ཚོགས་འདུར་ཞུགས་པའི་ཀྲུང་གོར་སྡོད་པའི་རྒྱལ་ཁབ་སོ་སོའི་གཞུང་ཚབ་པ་དང་དྲག་དཔོན། དེ་དག་གི་བཟའ་ཟླ། སྐུ་མགྲོན་ཡོངས་བཅས་ལ་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས།

ཁྲང་ཝན་ཆོན་གྱིས་བཤད་རྒྱུར། ཀྲུང་གོ་གུང་ཁྲན་ཏང་གིས་གསར་འཛུགས་དང་འགོ་ཁྲིད་བྱས་པའི་མི་དམངས་དམག་དཔུང་གིས་ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ཀྱི་ལས་དོན་ཐད་བསུབ་ཐབས་མེད་པའི་བྱས་རྗེས་བཞག་ཡོད། ལོ་ངོ་དགུ་བཅུའི་རིང་ལ་མི་དམངས་དམག་དཔུང་གི་ཞི་བདེའི་དམག་དཔུང་དང་དྲང་བདེན་གྱི་དམག་དཔུང་། རྔམ་བརྗིད་ཀྱི་དམག་དཔུང་བཅས་ཀྱི་སྣང་བརྙན་ནམ་ཡང་འགྱུར་མ་མྱོང་ཟེར།

ཁྲང་ཝན་ཆོན་གྱིས་བསྟན་དོན། དམག་ཡོངས་དང་དྲག་ཆས་ཉེན་རྟོག་དམག་དཔུང་གིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། མའོ་ཙེ་ཏུང་དགོངས་པ་དང་ཏིང་ཞའོ་ཕིང་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་དུ་འཛིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ། ཏང་དང་མི་དམངས་ཀྱིས་གནང་བའི་བླ་ན་མེད་པའི་ལས་འགན་མཐའ་གཅིག་ཏུ་ཡོངས་བྱས་ནས། ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་ཟེར།

པེ་ཅིན་ན་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགོ་ཁྲིད། རྒྱལ་སྲིད་ཨུ་ཡོན། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་དང་ཀྲུང་དབྱང་དམག་ཨུའི་ཨུ་ཡོན། ཏང་དང་རྒྱལ་ཁབ་དང་ཀྲུང་དབྱང་དམག་ཨུའི་འགོ་ཁྲིད་ཀྱི་འགན་ཁུར་མྱོང་བའི་བློ་མཐུན་རྒན་པ་སོགས་སྣེ་ལེན་ཚོགས་འདུར་ཞུགས།

སྣེ་ལེན་ཚོགས་འདུར་ཞུགས་མཁན་ལ་ད་དུང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། མི་དམངས་ཚོགས་པ་དང་པེ་ཅིན་གྲོང་ཁྱེར། ད་དུང་དམག་ཨུའི་ལས་ཁུངས་ཀྱི་སྡེ་ཁག་སོ་སོ། བཅིངས་འགྲོལ་དམག་གི་པེ་ཅིན་དུ་སྡོད་པའི་ལས་ཁུངས་ཆེན་པོ་སོ་སོ། དྲག་ཆས་ཉེན་རྟོག་དམག་དཔུང་བཅས་ཀྱི་འགན་ཁུར་བློ་མཐུན་དང་། དམག་དཔུང་གི་ལས་འཁྱུར་དང་ལས་བྲལ་ངལ་གསོའི་ལས་བྱེད་རྒན་པའི་འཐུས་ཚབ། བརྒྱད་གཅིག་གཟེངས་རྟགས་ཐོབ་མཁན། འཐབ་མོ་བ་རྒན་པ། སྔོན་གཤེགས་དཔའ་བོའི་ཁྱིམ་མི། སྲིད་གཞུང་ལ་བཀོད་སྒྲིག་བྱེད་པར་སྤྲད་པའི་དམག་དཔུང་གི་ལས་འཁྱུར་དང་ལས་བྲལ་ངལ་གསོའི་ལས་བྱེད་པ། དམངས་དམག་རྒན་པ། དམག་དཔུང་གི་དཔའ་བོ་དཔེ་ལེགས་ཅན། རྒྱལ་ཡོངས་ཀྱི་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་མིག་དཔེ། རྒྱལ་ཡོངས་ཀྱི་དམག་དཔུང་གི་ལས་བསྒྱུར་ལས་བྱེད་དཔེ་ལེགས་ཅན་གྱི་འཐུས་ཚབ། ཀྲུང་གོར་སྡོད་པའི་རྒྱལ་ཁབ་སོ་སོའི་གཞུང་ཚབ་པ་དང་དྲག་དཔོན། དེ་དག་གི་ལྕམ་མོ་སོགས་ལ་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་དག་ཡོད།

སྣེ་ལེན་ཚོགས་འདུའི་སྟེང་། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་དམག་དཔུང་གི་ལས་འཁྱུར་དང་ལས་བྲལ་ངལ་གསོའི་ལས་བྱེད་རྒན་པའི་འཐུས་མི་དང་། བརྒྱད་གཅིག་གཟེངས་རྟགས་ཐོབ་མཁན། དམག་དཔུང་གི་དཔའ་བོ་དཔེ་ལེགས་ཅན་གྱི་འཐུས་ཚབ། འཐབ་མོ་བ་རྒན་པའི་འཐུས་ཚབ་བཅས་ལ་ཆང་དྲངས་ནས། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ཏེ་ལོ་དགུ་བཅུ་ལོན་པར་རྟེན་འབྲེལ་ཞུས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།