ལིས་ཁི་ཆང་གིས་ཞི་ལའི་སྔོན་ཆད་ཀྱི་ཙུང་ལི་སཱ་མ་ལ་སི་ལ་ཐུག་འཕྲད་བྱས།

李克强会见希腊前总理萨马拉斯.jpg

ཟླ་བདུན་པའི་ཚེས་ཉེར་དྲུག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་ནས་ཞི་ལའི་སྔོན་ཆད་ཀྱི་ཙུང་ལི་སཱ་མ་ལ་སི་ལ་ཐུག་འཕྲད་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བདུན་པའི་ཚེས་ཉེར་དྲུག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་ནས་ཞི་ལའི་སྔོན་ཆད་ཀྱི་ཙུང་ལི་སཱ་མ་ལ་སི་ལ་ཐུག་འཕྲད་བྱས།

ལིས་ཁི་ཆང་གིས་བཤད་རྒྱུར། ཁྱེད་ཀྱིས་ཞི་ལའི་ཙུང་ལིའི་འགན་འཁུར་བའི་སྐབས་སུ་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་མཐོང་ཆེན་བྱས་ཤིང་། ཤུགས་ཆེན་པོས་ཀྲུང་གོ་དང་ཞི་ལའི་དངོས་གཉེར་མཉམ་ལས་རྒྱ་སྐྱེད་པ་དང་། ཀྲུང་གོ་དང་ཞི་ལའི་པུས་ལོས་ཨེ་ཧྥུའུ་སི་གྲུ་ཁ་སྟེ་ཕྱོགས་གཉིས་ཀྱི་མཉམ་ལས་ལས་གཞི་གཙོ་བོ་དེ་ལག་བསྟར་བྱས་པ་དེ་ཡང་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་ལས་གཞི་གལ་ཆེན་དུ་གྱུར་ཡོད། ང་ཚོས་ཞི་ལ་ཕྱོགས་དང་མཉམ་དུ་ཆབ་སྲིད་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་ཁྱབ་ཁོངས་གཙོ་བོའི་མཉམ་ལས་རྒྱ་བསྐྱེད་ཅིང་དམངས་ཁྲོད་ཀྱི་རྒྱུས་ལོན་དང་མཛའ་བཤེས་ཇེ་ཟབ་ཏུ་བཏང་ནས། ཀྲུང་གོ་དང་ཞི་ལའི་མཉམ་ལས་མཉམ་རྒྱལ་གྱི་བགྲོད་ལམ་སྔར་ལས་ཡངས་པར་བྱེད་དགོས་ཟེར།

ལིས་ཁི་ཆང་གིས་བཤད་རྒྱུར། དེང་སྐབས་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་པོའི་རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར་གནས་བབ་ལ་དམིགས་ཏེ། ཀྲུང་གོ་ཕྱོགས་ཀྱིས་ཞི་ལ་དང་བཅས་པའི་ཡོ་རོབ་གླིང་མནའ་འབྲེལ་རྒྱལ་ཁབ་བར་གྱི་མཉམ་ལས་ལ་ཤུགས་སྣོན་ཞིང་བརྟན་འཇགས་རང་བཞིན་གྱི་སྒོ་ནས་བར་ཆད་ལ་ཁ་གཏད་འཇལ་བ་དང་། ཉོ་ཚོང་དངུལ་གཏོང་རང་མོས་ཅན་དང་སྟབས་བདེ་ཅན་དུ་འགྱུར་བར་མཉམ་དུ་རྒྱབ་སྐྱོར་བྱས་ནས། དཔལ་འབྱོར་འཛམ་གླིང་ཅན་དེ་སྔར་ལས་དོ་མཉམ་དང་ཀུན་ཕན། མཉམ་རྒྱལ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

སཱ་མ་ལ་སི་ཡིས་བཤད་རྒྱུར། ཀྲུང་གོའི་མཛའ་མཐུན་མཉམ་ལས་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ནི་ཞི་ལའི་ལས་རིགས་སོ་སོའི་ཐུན་མོང་གི་ལྟ་ཚུལ་ཡིན། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་ནས་གྲུབ་འབྲས་ཆེན་པོ་ལེན་པར་རེ་སྒུག་བྱེད་བཞིན་ཡོད་ཟེར། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།