ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས«དེང་རབས་སྨན་ཁང་གི་དོ་དམ་ལམ་ལུགས་འཛུགས་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར»འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་ཉེ་ལམ«དེང་རབས་སྨན་ཁང་གི་དོ་དམ་ལམ་ལུགས་འཛུགས་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར»འགྲེམ་སྤེལ་བྱས། «བསམ་འཆར»ལས་བསྟན་དོན། ཏང་ཨུ་དང་སྲིད་གཞུང་གིས་གཞུང་བཙུགས་སྨན་ཁང་གི་མགོ་ཁྲིད་འགན་འཁྲི་དང་འགན་སྲུང་འགན་འཁྲི། དོ་དམ་འགན་འཁྲི། ལྟ་སྐུལ་འགན་འཁྲི་བཅས་དངོས་འབེབས་བྱས་ཏེ། གཞུང་བཙུགས་སྨན་ཁང་གི་སྤྱི་ཕན་རང་བཞིན་རྒྱུན་འཁྱོངས་བྱེད་པ་དང་། གཞུང་བཙུགས་སྨན་ཁང་ལ་སྤྱོད་པའི་སྲིད་ཇུས་ཁྱོན་ཡོངས་ནས་དངོས་འབེབས་བྱས་ཏེ་གཞུང་བཙུགས་སྨན་ཁང་གི་ཡུན་རིང་གི་བུ་ལོན་རིམ་བཞིན་ཕྱིར་འཇལ་བ་དང་ཞི་འཇགས་སུ་གཏོང་དགོས། སྲིད་དོན་སོ་སོར་བགར་བ་དང་དོ་དམ་དོན་སྒྲུབ་སོ་སོར་བགར་བ་རྒྱུན་འཁྱོངས་བྱས་ཏེ། གཞུང་བཙུགས་སྨན་ཁང་གི་སྲིད་འཛིན་རིམ་པ་རིམ་བཞིན་མེད་པར་གཏོང་དགོས་པ་དང་། རིམ་པ་སོ་སོའི་འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་སྲིད་འཛིན་ལས་ཁུངས་ཀྱི་འགན་འཁུར་བས་གཞུང་བཙུགས་སྨན་ཁང་གི་མགོ་ཁྲིད་ཀྱི་འགན་ཁུར་མི་ཆོག གཞུང་བཙུགས་སྨན་ཁང་གིས་མི་བཀོལ་བའི་རང་བདག་དབང་ཆ་དངོས་འབེབས་བྱས་ཏེ། སྨན་བཅོས་ལས་རིགས་ཀྱི་ཁྱད་ཆོས་དང་མཐུན་པའི་ཟླ་ཕོགས་ལམ་ལུགས་འཛུགས་པ་དང་། སྨན་ཁང་གིས་འབྲེལ་ཡོད་གཏན་འཁེལ་ལྟར་དམིགས་འབེན་ལོའི་ཟླ་ཕོགས་ལམ་ལུགས་དང་གྲོས་མཐུན་ཟླ་ཕོགས་ལམ་ལུགས་ལག་བསྟར་བྱེད་པར་འཚོལ་ཞིབ་བྱེད་དགོས། གཞུང་བཙུགས་སྨན་ཁང་གི་ནད་ཁྲིའི་གྲངས་ཀ་དང་འཛུགས་སྐྲུན་ཚད་གཞི། སྨན་བཅོས་སྒྲིག་ཆས་སོགས་ལ་ཚོད་འཛིན་ནན་མོ་བྱེད་དགོས། ཉིས་སྟོང་ཉི་ཤུ་ལོའི་བར་དུ་དེང་རབས་སྨན་ཁང་གི་དོ་དམ་ལམ་ལུགས་ཕལ་ཆེར་འཛུགས་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།