ཀྲུང་གོ་བོད་ཀྱི་དྲ་བ།

ལིག་ཆི་པོ་ཡིས་ཉིས་སྟོང་བཅུ་བདུན་ལོའི་རྒྱའི་རིག་པ་དང་དེང་རབས་ཀྲུང་གོའི་བཞུགས་མོལ་ཚོགས་འདུར་ཞུགས་པའི་རྒྱལ་ཁབ་སོ་སོའི་རྒྱའི་རིག་པ་བ་དང་མཉམ་དུ་བཞུགས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བདུན་པའི་ཚེས་ཉེར་ལྔ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིག་ཆི་པོ་ཡིས་ཉིས་སྟོང་བཅུ་བདུན་ལོའི་རྒྱའི་རིག་པ་དང་དེང་རབས་ཀྲུང་གོའི་བཞུགས་མོལ་ཚོགས་འདུར་ཞུགས་པའི་རྒྱལ་ཁབ་སོ་སོའི་རྒྱའི་རིག་པ་བ་དང་མཉམ་དུ་བཞུགས་མོལ་བྱས་ཏེ། རྒྱལ་ཁབ་སོ་སོའི་རྒྱའི་རིག་པ་བ་རྣམས་ཀྱིས་ཀྲུང་གོའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པ་དང་། རྒྱུན་མཐུན་སྒོས་དེང་རབས་ཀྲུང་གོར་ཡིད་འཇོག་བྱེད་དགོས་ལ། འཛམ་གླིང་ཅན་དུ་འགྱུར་བའི་ཁྲོད་ཀྱི་ཀྲུང་གོར་ལྟ་ཞིབ་ཟབ་མོ་བྱས་ནས། མཛའ་བཤེས་ཀྱི་འབྲེལ་བ་འཛུགས་མཁན་དང་རིག་གནས་སྐྱོང་མཁན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཟེར།

བཞུགས་མོལ་ཚོགས་འདུའི་སྟེང་འཇར་མན་དང་ཨ་མེ་རི་ཁ། དབྱིན་ཇི། ཨུ་རུ་སི་སོགས་རྒྱལ་ཁབ་ཀྱི་རྒྱའི་རིག་པ་བས་འཛམ་གླིང་ཡོངས་ཀྱིས་མཐོང་ཆེན་བྱེད་པའི་རྒྱུད་གཅིག་ལམ་གཅིག་བརྗོད་དོན་གཙོ་བོ་ཡིན་པར་དམིགས་ཏེ་གཏམ་བཤད་པར་མ་ཟད་ཀྲུང་གོ་དང་ཕྱི་རྒྱལ་གྱི་རིག་གནས་བརྗེ་རེས་རྒྱ་བསྐྱེད་པའི་ཐད་ལ་བསམ་འཆར་དང་གྲོས་གཞི་བཏོན།

ལིག་ཆི་པོ་ཡིས་རྒྱལ་ཁབ་སོ་སོའི་རྒྱའི་རིག་པ་བའི་གཏམ་བཤད་ལ་ཉན་རྗེས་ཁོ་ཚོར་རེ་བ་ཆེན་པོ་བཏོན་པར་མ་ཟད་ཀྲུང་གོ་ཏང་དང་སྲིད་གཞུང་གིས་རྣམ་པ་སྣ་ཚོགས་བརྒྱུད་དེ་རྒྱལ་ཁབ་སོ་སོའི་རྒྱའི་རིག་པ་བར་སློབ་སྦྱོང་དང་བྱ་བ་སྒྲུབ་པར་སྟབས་བདེ་འདོན་སྤྲོད་བྱེད་ངེས་ཡིན་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།