ཀྲུང་གོ་བོད་ཀྱི་དྲ་བ།

དབུས་ནུབ་ས་ཁུལ་གྱི་ཕྱི་ཕྱོགས་ཚོང་དོན་གྱི་གྲུབ་འབྲས་མངོན་གསལ་དོད་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2017-07-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་དམངས་དྲ་བའི་འཕྲིན། ཚོང་དོན་པུས་ཚེས20ཉིན་འཚོགས་པའི་གསར་འགོད་པའི་འཆར་ཅན་ཡོངས་བསྒྲགས་ཚོགས་འདུའི་ཐོག ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པ་ཀའོ་ཧྥུང་གིས། ལོ་སྟོད་དུ་རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་གང་མགྱོགས་འཕར་ནས་གྲུབ་ཆ་སྔར་བས་ལེགས་སུ་ཕྱིན་པའི་ནང་དབུས་ནུབ་ས་ཁུལ་གྱི་གྲུབ་འབྲས་མངོན་གསལ་དོད་པོ་ཡོད་པ་རེད།

ཟླ་དང་པོ་ནས་དྲུག་པ་བར། དབུས་ནུབ་ས་ཁུལ་གྱི་ཕྱིར་གཏོང་ནང་འདྲེན་བྱེད་པར་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི1.9ཟིན་པ་དེ་དུས་མཚུངས་ལས26.3%འཕར་བའི་ནང་ཕྱིར་གཏོང་བྱས་པར་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི1.1ཟིན་ནས21.8%འཕར་བ་དང་། ནང་འདྲེན་བྱས་པར་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི8081.1ཟིན་པ་དེ་དུས་མཚུངས་ལས32.7%འཕར་ཏེ་ཕྱིར་གཏོང་ནང་འདྲེན་གྱི་འཕར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད་པ་རེད།

 ཀའོ་ཧྥུང་གིས་ཁྱོན་ཡོངས་ནས་བལྟས་ཚེ། དབུས་ནུབ་ས་ཁུལ་གྱི་ཕྱི་ཕྱོགས་ཚོང་དོན་མགྱོགས་མྱུར་འཕར་བའི་རྒྱུ་རྐྱེན་གཙོ་བོ་ནི། ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གྲུབ་ཆ་ལེགས་སྒྲིག་གི་ཕན་འབྲས་རིམ་བཞིན་མངོན་གསལ་དོད་དུ་སོང་ནས་ནང་གནས་སྒུལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་སོང་བའི་ཞིབ་ཕྲའི་མཚོན་ཚུལ་ནི། ལས་སྣོན་དང་ཉོ་ཚོང་གི་རིགས་སྒྱུར་རིམ་སྤོར་མགྱོགས་སུ་འགྲོ་བཞིན་ཡོད་ཅིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་གཞིར་བཟུང་། ཚོང་དོན་པུས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ནོར་སྲིད་དང་། ས་ཆ། དངུལ་རྩ་སོགས་འབྲེལ་ཡོད་སྲིད་ཇུས་ཕྱོགས་བསྡུས་སྤྱད་དེ་ལས་སྣོན་ཚོང་དོན་རང་རྒྱལ་གྱི་དབུས་ནུབ་ས་ཁུལ་ལ་གཞན་སྒྱུར་ཐུབ་རྒྱུར་རྒྱབ་སྐྱོར་བྱས་པ་དང་དབུས་ནུབ་ས་ཁུལ་དང་གྲངས་ཉུང་མི་རིགས་ས་ཁུལ་གྱིས་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་རེད། འདི་ལོའི་ཟླ་དང་པོ་ནས་ལྔ་པ་བར་དབུས་ནུབ་ས་ཁུལ་གྱི་ལས་སྣོན་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར5346.1ཟིན་པ་དེ་དུས་མཚུངས་ལས28.9%འཕར་ནས་རྒྱལ་ཡོངས་ཁྱོན་ཡོངས་ཀྱི་བརྒྱ་ཆའི་གྲངས13.5ལས་མཐོ་བ་ཡོད་པ་རེད།

གསར་གཏོད་ལ་བརྟེན་ནས་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་ཕན་འབྲས་རགས་ཙམ་ཐོན་ཞིང་། ཁེ་ལས་འབོར་ཆེན་ཞིག་གིས་མཁོ་སྤྲོད་ཕྱོགས་ནས་ཤུགས་འདོན་གྱིས་རྒྱུན་མཐུད་གསར་གཏོད་བྱས་ཏེ་ཕྱི་ཕྱོགས་ཚོང་དོན་འགྲན་རྩོད་ཀྱི་ལེགས་ཆ་གསར་པ་མགྱོགས་མྱུར་སྐྱེད་སྲིང་བྱས་ཡོད། ཟླ་དང་པོ་ནས་ལྔ་པ་བར་དབུས་རྒྱུད་ས་ཁུལ་གྱི་འཕྲུལ་གློག་ཐོན་རྫས་དང་མཐོ་གསར་ལག་རྩལ་ཐོན་རྫས་ཕྱིར་གཏོང་བྱེད་ཚད8.6%དང2.3%སོ་སོར་འཕར་བ་དང་། ནུབ་རྒྱུད་ས་ཁུལ་གྱི་འཕྲུལ་གློག་ཐོན་རྫས་དང་མཐོ་གསར་ལག་རྩལ་ཐོན་རྫས་ཕྱིར་གཏོང་བྱེད་ཚད13.9%དང10.6%སོ་སོར་འཕར་ཡོད་པ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།