ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ཀྱི་མི་རིགས་རང་སྐྱོང་ཁུལ་གྱི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ཉམས་མྱོང་བརྗེ་རེས་ཡུལ་དངོས་ཚོགས་འདུ་སྐབས་གསུམ་པ་མཚོ་ནུབ་ནས་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་ཀྱི་མི་རིགས་རང་སྐྱོང་ཁུལ་གྱི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ཐད་ཀྱི་ཉམས་མྱོང་བརྗེ་རེས་ཚོགས་འདུ་སྐབས་གསུམ་པ་ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན་ནས་ཚེས་བཅུ་བདུན་ཉིན་བར་མཚོ་ནུབ་ཁུལ་ནས་ཚོགས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བའི་སྐོར་གྱི་བསམ་བློ་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། རང་སྐྱོང་ཁུལ་དབུལ་ཐར་བྱས་ནས་འབྱོར་འབྲིང་དུ་སྐྱོད་པའི་ཐད་ཀྱི་གྲུབ་འབྲས་དང་ཉམས་མྱོང་སྤྱི་སྡོམ་དང་བརྗེ་རེས་བྱེད་པ། གོ་རིམ་རྗེས་མའི་བྱ་བའི་བསམ་ཕྱོགས་དང་བྱེད་ཐབས་ལ་ཞིབ་འཇུག་དང་གྲོས་བསྡུར་བྱེད་པ། ཧུར་ཐག་གིས་རང་སྐྱོང་ཁུལ་གྱིས་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཐད་ནས་རྒྱལ་ཁ་ལེན་པ་དང་། དུས་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཡོངས་འགྲུབ་བྱེད་པར་སྐུལ་འདེད་བཏང་སྟེ། ཀྲུང་ཧྭ་མི་རིགས་ཀྱིས་མཉམ་དུ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཐད་བྱས་རྗེས་འཇོག་དགོས་ཟེར།

རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཏང་ཙུའུ་ཧྲུའུ་ཅི་པཱ་ཐེར་གྱིས་གཏམ་བཤད། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅུན་ཚོགས་འདུར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཁྲིན་གེ་ཧུའུ་ཡིས་ཚོགས་འདུར་མགོ་འཛིན་བྱས། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དུ་སྡོད་པའི་སྒྲིག་ཁྲིམས་ཞིབ་བཤེར་ཚན་ཆུང་གི་ཚན་གཙོ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཁོངས་མི་ཀྲིག་ཞའོ་དབྱིན་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས། ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་བཅས་ཚོགས་འདུར་ཞུགས།

པཱ་ཐེར་གྱིས་གཏམ་བཤད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བའི་སྐོར་གྱི་བསམ་བློ་གལ་ཆེན་སློབ་སྦྱོང་དང་ལག་ལེན། དྲིལ་སྒྲོག་བཟང་བོ་བྱེད་རྒྱུ་ནི། ད་ལྟ་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་རིང་གི་མི་རིགས་བྱ་བའི་ཐད་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཡིན་པས། ངེས་པར་དུ་བརྗོད་དོན་གཙོ་བོ་ཁོང་དུ་ཆུད་པར་བྱས་ནས། དབུལ་ཕོངས་ལས་ཐར་ཞིང་འབྱོར་འབྲིང་དུ་སྐྱོད་པའི་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་གཏོང་དགོས། རང་སྐྱོང་ཁུལ་གྱི་གནས་བབ་ལ་རྒྱུས་ལོན་ཟབ་མོ་བྱས་ཏེ། དབུལ་ཕོངས་ལས་ཐར་་ཞིང་འབྱོར་འབྲིང་དུ་སྐྱོད་པའི་འགན་འཁྲིའི་འདུ་ཤེས་དང་བྲེལ་མྱུར་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས། མི་རིགས་བྱ་བའི་དམིགས་འབེན་ལས་འགན་ཁོང་དུ་ཆུད་པར་བྱས་ནས། དབུལ་བོ་ལས་ཐར་ཞིང་འབྱོར་འབྲིང་དུ་སྐྱོད་པའི་ཁ་གཏད་རང་བཞིན་དང་ཕན་འབྲས་རང་བཞིན་ཇེ་དྲག་ཏུ་གཏོང་བ་དང་། གནད་ཕིགས་དབུལ་སྐྱོར་སྔོན་སྐྱོད་ཁུལ་དང་མཆོང་སྐྱོད་རང་བཞིན་གྱི་འཕེལ་རྒྱས་མ་དཔེ་ཁུལ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཚད་ཤིང་ཁུལ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ། སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་ཁུལ་བཅས་འཛུགས་སྐྲུན་བྱེད་པ། རང་རྒྱལ་གྱི་མི་རིགས་ཁུལ་ཁོངས་རང་སྐྱོང་ཐད་ཀྱི་གྲུབ་འབྲས་ཆེན་པོ་འགྲེམ་སྟོན་བྱས་ནས། རྒྱལ་ཡོངས་དང་ཐ་ན་འཛམ་གླིང་སྟེང་གི་ས་ཁུལ་རིགས་འདྲའི་དབུལ་ཐར་དང་འཕེལ་རྒྱས་ཐད་ཇུས་གཞི་དང་རིག་སྟོབས་འདོན་སྤྲོད་བྱེད་དགོས་ཟེར།

ཝང་ཅན་ཅུན་གྱིས་ཤིས་ཚིག་འབུལ་སྐབས་བཤད་རྒྱུར། 1958ལོའི་ཟླ་བཅུ་བར། སྐབས་དེའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོའི་འགན་ཁུར་བའི་བློ་མཐུན་ཞི་ཀྲུང་ཞུན་གྱིས་མཚོ་སྔོན་ལ་ལྟ་ཞིབ་བྱེད་སྐབས་མཚོ་ནུབ་ཁུལ་དུ་ཡོང་ནས། ཚྭ་འདམ་གཞོང་ནི་གཏེར་འབྱུང་ས་ཁུལ་ཆེན་པོ་ཞིག་རེད་ཅེས་བསྔགས་བརྗོད་བྱས་མྱོང་། ན་ནིང་ཟླ་བརྒྱད་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་ལྟ་ཞིབ་བྱེད་སྐབས་ཀྱི་ས་ཚིགས་ཐོག་མ་ཡང་མཚོ་ནུབ་ཁུལ་རེད། དེ་རིང་ང་ཚོས་གསར་བརྗེ་སྔོན་རབས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྗེས་དམ་དུ་སྙེག་ནས། མཚོ་ནུབ་ཁུལ་དུ་ལྷན་འཛོམས་བྱུང་བ་དང་། མཉམ་དུ་མི་རིགས་རང་སྐྱོང་ཁུལ་གྱིས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ཇུས་གཞི་ཆེན་པོར་གྲོས་བསྡུར་བྱས་པ་དང་། དེར་དོན་སྙིང་གལ་ཆེན་ལྡན། རྒྱལ་ཁབ་ཀྱི་འཐབ་ཇུས་ཐད་ནས་བཤད་ན། མི་རིགས་ས་ཁུལ་གྱི་འབྱོར་འབྲིང་མེད་ན། རྒྱལ་ཡོངས་ཀྱི་འབྱོར་འབྲིང་ཡོད་མི་སྲིད་ལ། མི་རིགས་ས་ཁུལ་གྱི་འབྱོར་འབྲིང་ཡོངས་འགྲུབ་བྱས་ན། ད་གཟོད་རྒྱལ་ཡོངས་ཀྱི་འབྱོར་འབྲིང་འགྲུབ་པར་བྱེད་ཐུབ། ཐེངས་འདིའི་ཚོགས་འདུའི་ཐད་ནས། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་འདུ་ཤེས་བཞིའི་ཆབ་སྲིད་འདུ་ཤེས་མངོན་པར་བྱས་ཡོད་པ་མ་ཟད། མི་རིགས་ས་ཁུལ་གྱི་འབྱོར་འབྲང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བའི་འགན་འཁྲི་ཡང་མངོན་པར་བྱས་ཡོད། དེ་ནི་བསམ་བློ་གཅིག་གྱུར་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་སྒྲིལ་བ། སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། སྒུལ་ཤུགས་ཆེར་བསྐྱེད་པའི་ཚོགས་འདུ་ཞིག་དང་། ཕན་ཚུན་སློབ་སྦྱོང་དང་བརྗེ་རེས་བྱེད་པ། བཟང་ཆར་སློབ་སྦྱོང་དང་ཞན་ཆ་ཁ་གསབ་བྱེད་པ། མཉམ་ཤུགས་གྲུབ་པར་བྱེད་པའི་ཚོགས་འདུ་ཞིག་ཡིན་ཞེས་བཤད་ཆོག་ལ། དེ་མཚོ་སྔོན་ལ་མཚོན་ན་སྐུལ་འདེད་ཐེངས་ཤིག་ཡིན་པ་མ་ཟད། རྒྱལ་ཡོངས་ཀྱི་མི་རིགས་རང་སྐྱོང་ཁུལ་གྱི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ཐད་ཀྱང་སྐུལ་འདེད་ཆེན་པོ་གཏོང་ཐུབ་ཟེར།

ཝང་ཅན་ཅུན་གྱིས་ང་ཚོས་ཐེངས་འདིའི་ཡུལ་དངོས་ཚོགས་འདུ་དེ་གོ་སྐབས་སུ་བཟུང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་ལྟ་ཞིབ་བྱེད་སྐབས་བཏོན་པའི་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུའུ་རིན་པཱ་ཐེར་གྱི་ཐེངས་འདིའི་གྲོས་ཚོགས་སྟེང་གི་གཏམ་བཤད་གལ་ཆེན་ལག་བསྟར་ནན་མོ་བྱེད་པ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་སྟེང་གཏན་ཁེལ་བྱས་པའི་དུས་མཉམ་གཅིག་དང་སྔར་ལས་བཞིའི་འབད་འཐབ་དམིགས་འབེན་དང་དམ་དུ་དམིགས་པ། སྤུན་ཟླ་ཞིང་ལྗོངས་དང་གྲོང་ཁྱེར་གྱི་མི་རིགས་རང་སྐྱོང་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་ཐད་ཀྱི་སྔོན་ཐོན་ཉམས་མྱོང་སློབ་སྦྱོང་དང་མིག་དཔེ་རུ་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་བྱ་བའི་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་བྱེད་པ། དབུལ་ཐར་མཁྲེགས་གཏོར་ཐད་ནས་རྒྱལ་ཁ་ལེན་པ་བཅས་བྱས་ཏེ། མཚོ་སྔོན་གྱི་མི་རིགས་རང་སྐྱོང་ཁུལ་དྲུག་དང་ཞིང་ཆེན་ཡོངས་ཀྱིས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པར་ཁག་ཐེག་བྱས་ནས། རྒྱུགས་འབྲས་བཟང་བོས་ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།