ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་བཀའ་ཁྱབ་སྟེང་མིང་བཀོད་དེ། གསར་དུ་བཟོ་བཅོས་བྱས་པའི«དམག་དཔུང་ལས་ཁུངས་ཀྱི་གཞུང་ཡིག་ཐག་གཅོད་བྱ་བའི་སྲོལ་ཡིག»འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་ཁྱབ་སྟེང་མིང་བཀོད་དེ། གསར་དུ་བཟོ་བཅོས་བྱས་པའི«དམག་དཔུང་ལས་ཁུངས་ཀྱི་གཞུང་ཡིག་ཐག་གཅོད་བྱ་བའི་སྲོལ་ཡིག»འགྲེམ་སྤེལ་བྱས་པ་དང་དེ་ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་བའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད། «སྲོལ་ཡིག»དེར་བསྡོམས་པས་ལེའུ་བརྒྱད་དང་དོན་ཚན་བཞི་བཅུ་ཡོད་ལ། དེའི་ནང་དུ་དམག་དཔུང་ལས་ཁུངས་ཀྱི་གཞུང་ཡིག་ཐག་གཅོད་བྱ་བའི་རྩ་དོན་དང་གཞུང་ཡིག་གི་རིགས་དང་རྣམ་པ། སྒྲིག་སྲོལ། དོན་སྒྲུབ་གོ་རིམ། དོ་དམ་རེ་བ་སོགས་ཀྱི་ཐད་ལ་གཏན་འཁེལ་གསལ་བོ་བྱས་ཡོད། དམག་དཔུང་ལས་ཁུངས་ཀྱི་གཞུང་ཡིག་ཐག་གཅོད་བྱ་བའི་སྲོལ་ཡིག་ནི་དམག་དོན་ཁྲིམས་སྲོལ་གལ་ཆེན་ཞིག་ཡིན་པ་དང་། དམག་དཔུང་གི་རིམ་པ་སོ་སོའི་ལས་ཁུངས་ཀྱི་གཞུང་ཡིག་ཐག་གཅོད་བྱ་བར་མཛུབ་སྟོན་བྱེད་པའི་གཞི་རྩའི་གཞི་འཛིན་ས་ཡིན། ད་ལྟ་ལག་བསྟར་བྱེད་པའི་སྲོལ་ཡིག་ལ་བཟོ་བཅོས་དང་འཐུས་ཚང་དུ་བཏང་བ་ནི་ཏང་གིས་གནས་བབ་གསར་བའི་འོག་ཏུ་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་པར་དམིགས་ཏེ། ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་དང་དམག་དཔུང་བཅོས་སྐྱོང་ནན་མོ་བྱེད་པའི་བྱེད་ཕྱོགས་ལག་བསྟར་བྱེད་པ་དང་། དམག་དཔུང་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།