ཀྲུང་གོ་བོད་ཀྱི་དྲ་བ།

ཚོང་དོན་པུའུ་དང་ཀྲུང་དབྱང་དཔལ་ཡོན་བྱ་བའི་གཞུང་སྒྲུབ་ཁང་གཉིས་ཀྱིས་བཟའ་བཏུང་ལས་རིགས་ཀྱིས་ཧུར་ཐག་སྒོས་གྲོན་ཆུང་བྱེད་པ་དང་བཟའ་བཏུང་ཆུད་ཟོས་སུ་གཏོང་བར་ངོ་རྒོལ་བྱེད་པའི་བྱ་བ་བཟང་བོར་སྒྲུབ་པར་བཀོད་སྒྲིག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཚོང་དོན་པུའུ་དང་ཀྲུང་དབྱང་དཔལ་ཡོན་བྱ་བའི་གཞུང་སྒྲུབ་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་བརྡ་ཐོ་བཏང་སྟེ། བཟའ་བཏུང་ལས་རིགས་ཀྱིས་ཧུར་ཐག་སྒོས་གྲོན་ཆུང་བྱེད་པ་དང་། བཟའ་བཏུང་ཆུད་ཟོས་སུ་གཏོང་བར་ངོ་རྒོལ་བྱེད་པའི་བྱ་བ་བཟང་བོར་སྒྲུབ་པར་བཀོད་སྒྲིག་བྱས་ནས། སྤྱི་ཚོགས་ཡོངས་ཀྱིས་ལྗང་མདོག་གི་འཚོ་བ་དར་སྤེལ་བྱེད་པ་དང་། བཟའ་བཏུང་ཆུད་ཟོས་སུ་གཏོང་བར་ངོ་རྒོལ་བྱེད་པར་ཁྲིད་སྟོན་བྱེད་དགོས། བརྡ་ཐོའི་ནང་བཀོད་དོན། ཟ་མ་འཕྲོ་བརླག་ཏུ་མི་གཏོང་བའི་བྱ་སྤྱོད་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་ཏེ། བཟའ་བཏུང་གྲོན་ཆུང་བྱེད་དགོས་ལ། བཟའ་བཏུང་གྲོན་ཆུང་བྱེད་པ་དེ་ལས་རིགས་ཀུན་སྤྱོད་དང་སྤྱི་ཚོགས་ཀྱི་སྤྱི་པའི་སྤྱོད་ཚུལ། ཁྱིམ་ཚང་གི་སྤྱོད་བཟང་། མི་སྒེར་གྱི་གཤིས་རྒྱུད་བཅས་ཀྱི་སློབ་གསོ་བྱ་བའི་ནང་དོན་གཙོ་བོར་བརྩི་དགོས་ཟེར།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།