ཀྲུང་གོ་བོད་ཀྱི་དྲ་བ།

འཇར་འགོག་དམག་འཁྲུག་བྱུང་ནས་ལོ་འཁོར་བརྒྱད་ཅུ་ལོན་པར་རྗེས་དྲན་བྱེད་པའི་མཛད་སྒོ་པེ་ཅིན་ནས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་འགོག་དམག་འཁྲུག་བྱུང་ནས་ལོ་འཁོར་བརྒྱད་ཅུ་ལོན་པར་རྗེས་དྲན་བྱེད་པའི་མཛད་སྒོ་དེ་ཚེས་བདུན་ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་རྗེས་དྲན་ཁང་ནས་སྤེལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡོན་ཧྲན་མཛད་སྒོའི་སྟེང་ཞུགས་ནས་གཏམ་བཤད།

སྔ་དྲོའི་དུས་ཚོད་བཅུའི་སྟེང་དུ་མཛད་སྒོ་དངོས་སུ་མགོ་བརྩམས། ལིག་ཡོན་ཧྲན་གྱིས་གཏམ་བཤད་ཁྲོད་བསྟན་དོན། གཅིག་དགུ་སོ་བདུན་ལོའི་ཟླ་བདུན་པའི་ཚེས་བདུན་ཉིན། འཇར་པན་བཙན་རྒྱལ་རིང་ལུགས་ཀྱིས་གཅིག་དགུ་སོ་་གཅིག་ལོར་རང་རྒྱལ་ཤར་བྱང་གི་དགུ་གཅིག་བརྒྱད་དོན་རྐྱེན་བྱུང་བཟོས་རྗེས། ཀྲུང་ཕྱི་ཀུན་ནས་སྒུལ་བར་བྱེད་པའི་ལུའུ་ཀུག་ཟམ་པའི་དོན་རྐྱེན་བཟོས་ཏེ། ཁྱོན་ཡོངས་ནས་ཀྲུང་ཧྭའི་འཛིན་མའི་ཁྱོན་ལ་བཙན་འཛུལ་གྱི་དམག་འཁྲུག་བསླངས་ནས་ཀྲུང་གོ་ཧྲིལ་བོར་ཧམ་བཟུང་བྱེད་འདོད་བསྟན། ཀྲུང་ཧྭ་མི་རིགས་འཆི་གསོན་གྱི་གནད་འགག་ལ་ཐུག་པའི་སྐབས་སུ། ཀྲུང་གོ་གུང་ཁྲན་ཏང་གིས་མི་རིགས་རིང་ལུགས་ཀྱི་སྦྱོར་བ་བསྟར་ནས། མི་རིགས་སྲོག་ཉེན་ལས་སྐྱོབ་པའི་ལོ་རྒྱུས་ཀྱི་འགན་འཁྲི་ལྕི་མོ་ཕྲག་སྟེང་དུ་བླངས་ཏེ། གནམ་འདེགས་ཀ་བ་ལྟ་བའི་བྱེད་ནུས་མི་དམན་པ་བཏོན་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་འཇའ་འགོག་མི་རིགས་འཐབ་ཕྱོགས་གཅིག་གྱུར་བཙུགས་པའི་བསམ་བཀོད་འོག་ཏུ། ལུའུ་ཀུག་ཟམ་པའི་འཇར་འགོག་དམག་འཁྲུག་དོད་རྟགས་སུ་བཟུང་ནས་ཀྲུང་ཧྭ་འཛིན་མའི་ཁྱོན་དུ་ཁྱོན་ཡོངས་ནས་འཇར་འགོག་དམག་འཁྲུག་སྤེལ་མགོ་བརྩམས་ཏེ། འཛམ་གླིང་གི་ཆེས་ཐོག་མའི་ཧྥ་ཤི་སར་ངོ་རྒོལ་བྱེད་པའི་གཡུལ་ས་བཏོད་པ་རེད་ཟེར།   །
 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།