ཀྲུང་གོ་བོད་ཀྱི་དྲ་བ།

ཡུས་ཀྲིན་ཧྲིན་གྱིས་མགོ་འཛིན་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

6.jpg

ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་པེ་ཅིན་ནས་མགོ་འཛིན་མཛད་དེ་བརྟག་དཔྱད་ཞིབ་འཇུག་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ནས། དམངས་གཙོ་མནའ་མཐུན་ཀྲུང་དབྱང་དང་དམངས་གཙོ་རྒྱལ་འཛུགས་ཀྲུང་དབྱང། དམངས་གཙོ་ཡར་སྐུལ་ལྷན་ཚོགས་ཀྲུང་དབྱང་། ཅིག་སན་སློབ་ཚོགས་ཀྲུང་དབྱང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་འགན་ཁུར་བ་གདན་དྲངས་ཏེ། སྟོབས་ཤུགས་ཡོད་རྒུས་དངོས་གཟུགས་དཔལ་འབྱོར་དར་རྒྱས་སུ་གཏོང་བར་དམིགས་ནས་བློ་འདོན་ཇུས་འབུལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་པེ་ཅིན་ནས་མགོ་འཛིན་མཛད་དེ་བརྟག་དཔྱད་ཞིབ་འཇུག་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ནས། དམངས་གཙོ་མནའ་མཐུན་ཀྲུང་དབྱང་དང་དམངས་གཙོ་རྒྱལ་འཛུགས་ཀྲུང་དབྱང། དམངས་གཙོ་ཡར་སྐུལ་ལྷན་ཚོགས་ཀྲུང་དབྱང་། ཅིག་སན་སློབ་ཚོགས་ཀྲུང་དབྱང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་འགན་ཁུར་བ་གདན་དྲངས་ཏེ། སྟོབས་ཤུགས་ཡོད་རྒུས་དངོས་གཟུགས་དཔལ་འབྱོར་དར་རྒྱས་སུ་གཏོང་བར་དམིགས་ནས་བློ་འདོན་ཇུས་འབུལ་བྱས།

བཞུགས་མོལ་ཚོགས་འདུའི་སྟེང་། དམངས་གཙོ་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་ཀྲང་པའོ་ཝུན་གྱིས་ལས་རིགས་ཐོན་ཁུངས་ཀྱི་བཀོད་སྒྲིག་ཕན་འབྲས་མཐོར་འདེགས་སུ་གཏོང་བ་དང་། ཐོན་ལས་སྒྲིག་གཞི་ལེགས་སྒྲིག་བྱེད་པ་གཙོ་བོར་བཟུང་སྟེ། ཁེ་ལས་ཀྱི་གསར་གཏོད་ནུས་པ་ཇེ་ཆེར་གཏོང་བར་ཁྲིད་སྟོན་བྱས་ནས། རང་རྒྱལ་ཞིང་ལས་འཕྲུལ་ཆས་དང་སྒྲིག་ཆས་བཟོ་སྐྲུན་རྒྱལ་ཁབ་ཆེན་པོ་ནས་བཟོ་སྐྲུན་རྒྱལ་ཁབ་སྟོབས་ལྡན་དུ་སྒྱུར་བར་སྐུལ་འདེད་གཏོང་དགོས་པའི་གྲོས་གཞི་བཏོན། ཅིག་སན་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧན་ཆི་ཏི་ཡིས་ཚན་རྩལ་ཅན་གྱི་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་སུ་གཏོང་བར་རོགས་སྐྱོར་བྱེད་པའི་སྲིད་ཇུས་ཀྱི་གནད་ཕིགས་རང་བཞིན་སྔར་ལས་མཐོར་འདེགས་སུ་བཏང་སྟེ། གསར་གཏོད་ལས་སྐྲུན་གྱི་སྒུལ་ནུས་ཇེ་ཆེར་གཏོང་དགོས་པའི་གྲོས་གཞི་བཏོན།

ཡུས་ཀྲིན་ཧྲིན་གྱིས་གནད་དོན་ཁ་ཤས་ཐད་ནས་ཚང་མ་དང་གྲོས་བསྡུར་བྱས། ཁོས་བཤད་རྒྱུར། དམངས་གཙོ་ཏང་ཁག་སོ་སོ་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་རང་སྟེང་གི་ཁྱད་སྟོབས་གཞིར་བཟུང་སྟེ། རང་འགུལ་གྱིས་ལག་ལེན་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་ནས། དངོས་གཟུགས་དཔལ་འབྱོར་དར་རྒྱས་སུ་གཏོང་བར་ཧུར་ཐག་སྒོས་བློ་འདོན་ཇུས་འབུལ་བྱེད་དགོས་ལ། འབྲེལ་ཡོད་ལས་ཁུངས་སོ་སོས་དམངས་གཙོ་ཏང་ཁག་ཀྲུང་དབྱང་གིས་བརྟག་དཔྱད་ཞིབ་འཇུག་བྱ་བ་སྒྲུབ་པར་རྒྱབ་སྐྱོར་བྱེད་པའི་སྐོར་གྱི་བསམ་འཆར་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས། ཏང་ཕྱིའི་མི་སྣས་འགན་ནུས་སྔར་ལས་ལག་བསྟར་བཟང་བོ་བྱེད་པ་དང་ནུས་པ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་སུན་ཁྲུན་ལན་གྲོས་ཚོགས་སུ་ཞུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།