ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས2017ལོའི་དབྱར་ཁའི་ཏ་ཝོ་སི་གླེང་སྟེགས་སུ་ཞུགས་པའི་རྒྱལ་སྤྱིའི་བཟོ་ཚོང་ཁེ་ལས་ལས་རིགས་ཀྱི་འཐུས་མི་དང་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

李克强同出席1.jpg

ཟླ་དྲུག་པའི་ཚེས་ཉེར་བརྒྱད་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཏ་ལེན་ནས་2017ལོའི་དབྱར་ཁའི་ཏ་ཝོ་སི་གླེང་སྟེགས་སུ་ཞུགས་པའི་རྒྱལ་སྤྱིའི་བཟོ་ཚོང་ཁེ་ལས་ལས་རིགས་ཀྱི་འཐུས་མི་དང་གྲོས་མོལ་བྱས། 

李克强同出席2.jpg

ཟླ་དྲུག་པའི་ཚེས་ཉེར་བརྒྱད་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཏ་ལེན་ནས་2017ལོའི་དབྱར་ཁའི་ཏ་ཝོ་སི་གླེང་སྟེགས་སུ་ཞུགས་པའི་རྒྱལ་སྤྱིའི་བཟོ་ཚོང་ཁེ་ལས་ལས་རིགས་ཀྱི་འཐུས་མི་དང་གྲོས་མོལ་བྱས། 

李克强同出席3.jpg

ཟླ་དྲུག་པའི་ཚེས་ཉེར་བརྒྱད་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཏ་ལེན་ནས་2017ལོའི་དབྱར་ཁའི་ཏ་ཝོ་སི་གླེང་སྟེགས་སུ་ཞུགས་པའི་རྒྱལ་སྤྱིའི་བཟོ་ཚོང་ཁེ་ལས་ལས་རིགས་ཀྱི་འཐུས་མི་དང་གྲོས་མོལ་བྱས། 
 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་བརྒྱད་ཉིན་ཏ་ལེན་ནས་2017ལོའི་དབྱར་ཁའི་ཏ་ཝོ་སི་གླེང་སྟེགས་སུ་ཞུགས་པའི་རྒྱལ་སྤྱིའི་བཟོ་ཚོང་ཁེ་ལས་ལས་རིགས་ཀྱི་འཐུས་མི་དང་གྲོས་མོལ་བྱས།

འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཀྲུའུ་ཞི་ཧྲི་ཝ་པུའུ་དང་རྒྱལ་སྤྱིའི་ཁེ་ལས་གྲགས་ཅན་གྱི་འགན་ཁུར་བ་གྲོས་ཚོགས་སུ་ཞུགས། ལིས་ཁི་ཆང་གིས་ཚང་མ་དང་བརྩེ་བའི་བརྗེ་རེས་བྱས་པར་མ་ཟད་ཚང་མས་དྲིས་པའི་གནད་དོན་ལ་ལན་བཏབ།

ཕྱི་རྒྱལ་གྱི་ཁེ་ལས་ཇི་ལྟར་ཀྲུང་གོའི་དཔལ་འབྱོར་བཅོས་སྒྱུར་ཁྲོད་ཞུགས་པའི་གནད་དོན་ལ་ལན་འདེབས་སྐབས། ལིས་ཁི་ཆང་གིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོས་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་རྒྱུད་རིམ་ཁྲོད། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཙོ་བོར་བཟུང་སྟེ། ཁྱབ་ཁོངས་གཙོ་བོའི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། ཚོང་རར་ཞུགས་པའི་ཆ་རྐྱེན་ཇེ་དམར་བཏང་སྟེ། དཔྱ་ཁྲལ་དང་འགྲོ་གྲོན་ཉུང་འཕྲི་བྱེད་པ་སོགས་བྱེད་ཐབས་སྤྱད་དེ་ཁེ་ལས་ཀྱི་ཁུར་བོ་ཇེ་ཡང་དུ་བཏང་བས། ཚོང་རའི་གཙོ་གཞི་གསར་བ་དང་ཐོན་ལས་གསར་བ། ལས་རིགས་གསར་བ་མང་པོ་བྱུང་བ་དང་། འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་བ་སྐྱེད་སྲིང་བྱས་ཏེ། ཀྲུང་གོའི་དཔལ་འབྱོར་གྱི་ཚུལ་སྒྱུར་རིམ་སྤོར་ལ་ནུས་ཡོད་སྒོས་སྐུལ་འདེད་བཏང་། ང་ཚོས་ཉོ་ཚོང་སྟབས་བདེ་ཅན་གྱི་བྱེད་ཐབས་མུ་མཐུད་དུ་ལག་བསྟར་བྱེད་རྒྱུ་དང་། རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་བར་ཁྱད་པར་མེད་པར། ཕྱི་དངུལ་དང་ཕྱི་རྒྱལ་གྱི་ཚོང་བ། ཕྱི་རྒྱལ་གྱི་རིག་སྟོབས་བཅས་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་ཀྱི་རྒྱུད་རིམ་ཁྲོད་ཞུགས་པར་དགའ་བསུ་ཞུ་བཞིན་ཡོད་ཟེར།

2025ལོའི་ཀྲུང་གོ་བཟོ་སྐྲུན་འཐབ་ཇུས་ལག་བསྟར་བྱེད་པའི་ཁྲོད་གནས་པའི་འགྲན་རྩོད་དང་དེར་ཅི་ལྟར་ཁ་གཏད་འཇལ་བའི་གནད་དོན་ལ་ལན་འདེབས་སྐབས། ལིས་ཁི་ཆང་གིས་བཤད་རྒྱུར། 2025ལོའི་ཀྲུང་གོ་བཟོ་སྐྲུན་གྱི་དམིགས་ཡུལ་ནི་ཀྲུང་གོའི་ཐོན་རྫས་ཀྱི་རྒྱུ་སྤུས་དང་སྒྲིག་ཆས་ཆུ་ཚད་མཐོར་འདེགས་སུ་གཏོང་རྒྱུ་དེ་ཡིན་པས། ཕྱི་རྒྱལ་གྱི་སྒྲིག་ཆས་དང་ལག་རྩལ་སྔོན་ཐོན་སྔར་ལས་མང་པོ་ཀྲུང་གོའི་ཚོང་རར་ཞུགས་པར་དགའ་བསུ་ཞུས་པར་མ་ཟད། རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་ལ་འཕེལ་རྒྱས་དང་ཚོང་རའི་གོ་སྐབས་སྔར་ལས་མང་པོ་སྐྲུན་ཐུབ་པར་ཡིད་ཆེས་ཡོད་ཟེར།

ཧྲི་ཝ་པུའུ་སོགས་གྲོས་ཚོགས་སུ་ཞུགས་པའི་ཕྱི་རྒྱལ་གྱི་འཐུས་མིས་བཤད་རྒྱུར། ཙུང་ལི་ལིས་ཁི་ཆང་གིས་སྐབས་འདིའི་གླེང་སྟེགས་སྟེང་ཀྲུང་གོའི་དཔལ་འབྱོར་སྲིད་ཇུས་ཁྱོན་ཡོངས་ནས་རྒྱས་བཤད་བྱས་པ་དང་། ཀྲུང་གོ་སྲིད་གཞུང་གི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་སྒོ་འབྱེད་རྒྱ་ཇེ་ཆེར་གཏོང་བའི་ཡིད་ཆེས་བསྟན་ཡོད་ཟེར། རྒྱལ་སྤྱིའི་བཟོ་ཚོང་ལས་རིགས་ཀྱིས་ཀྲུང་གོ་བར་གྱི་མཉམ་ལས་ལ་ཤུགས་བསྣན་ཏེ། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་མུ་མཐུད་དུ་བྱས་རྗེས་འཇོག་རྒྱུའི་ཚུལ་བསྟན། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།