ལིས་ཁི་ཆང་གིས་ཏ་ལེན་གྲོང་ཁྱེར་དུ་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཀྲུའུ་ཞི་ཧྲི་ཝ་པུའུ་ལ་ཐུག་འཕྲད་བྱས།

李克强会见世界经济论坛主席施瓦布.jpg

ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཏ་ལེན་གྲོང་ཁྱེར་དུ་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཀྲུའུ་ཞི་ཧྲི་ཝ་པུའུ་ལ་ཐུག་འཕྲད་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཏ་ལེན་གྲོང་ཁྱེར་དུ་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཀྲུའུ་ཞི་ཧྲི་ཝ་པུའུ་ལ་ཐུག་འཕྲད་བྱས།

ལིས་ཁི་ཆང་གིས་བཤད་རྒྱུར། འཛམ་གླིང་གི་དཔལ་འབྱོར་བསྐྱར་དར་ལ་སྐུལ་འདེད་གཏོང་སྐབས་རྒྱལ་ཁབ་སོ་སོས་མཉམ་དུ་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་འཇལ་ཏེ། ཆེ་ཕྱོགས་ཀྱི་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་དགོས་པ་དང་། ཉོ་ཚོང་དང་དངུལ་གཏོང་རང་མོས་ཅན་དང་སྟབས་བདེ་ཅན་ཏུ་འགྱུར་བར་སྐུལ་འདེད་བཏང་ནས། སྔར་ལས་འདྲ་མཉམ་དང་དྲང་བདེན། སྒོ་འབྱེད་བཅས་ཀྱི་རྒྱལ་སྤྱིའི་དཔལ་འབྱོར་མ་ལག་གསར་སྐྲུན་བྱེད་དགོས། ཀྲུང་གོས་མུ་མཐུད་དུ་སྐོར་ཐེངས་གསར་བའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལག་བསྟར་བྱེད་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་ལ་ལྟ་ཚུལ་གཅིག་འདྲ་དང་འདྲ་མཉམ་འགྲན་རྩོད་ཀྱི་ཚོང་གཉེར་ཁོར་ཡུག་གསར་སྐྲུན་བྱས་ནས། གཉིས་ཕན་མཉམ་རྒྱལ་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་ངེས་ཡིན་ཟེར།

ཧྲི་ཝ་པུའུ་ཡིས་ཀྲུང་གོ་སྲིད་གཞུང་གི་འབྲེལ་ཡོད་སྲིད་ཇུས་ལ་གཟེངས་བསྟོད་བྱས་པར་མ་ཟད་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱིས་ཀྲུང་གོའི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་པའི་ཚུལ་བསྟན། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།