ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་དུ་མདུན་སྐྱོད་བྱེད་དགོས་ཞེས་པའི་ཏང་གི་གསུང་རབ་ཀློག་འདོན་བྱེད་པ་ནང་དོན་གཙོ་བོ་ཡིན་པའི་ཏང་གི་ཉིན་མོའི་བྱ་འགུལ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་ཉེར་བཞི་ཉིན། ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་དུ་མདུན་སྐྱོད་བྱེད་དགོས་ཞེས་པའི་ཏང་གི་གསུང་རབ་ཀློག་འདོན་བྱེད་པ་ནང་དོན་གཙོ་བོ་ཡིན་པའི་ཏང་གི་ཉིན་མོའི་བྱ་འགུལ་སྤེལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་ཀྲན་ཧྲུའུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཞོར་དུ་དྲུང་ཡིག་ཆེན་མོའི་འགན་ཁུར་མཁན་ཀྲང་ཆིན་ལིས་བྱ་འགུལ་ཁྲོད་ཞུགས།

ཀློག་འདོན་ཚོགས་འདུའི་སྟེང་། ཀྲུང་དབྱང་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཏང་ཡོན་འཐུས་མིས་ཏང་གི་གསུང་རབ་ཁྲོད་ཀྱི་རྩོམ་དང་དོན་ཚན་ལེགས་ཤོས་ཀློག་འདོན་བྱས་པ་དང་། ཚོགས་འདུར་ཞུགས་པའི་ཏང་ཡོན་སྟོང་གཅིག་དང་བརྒྱ་ལྷག་གིས་ཏང་ནང་དུ་ཞུགས་པའི་དམ་བཅའ་བསྐྱར་སྒྲོག་བྱས།  

ཀྲུང་དབྱང་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཏང་ཡོན་རྣམས་ཀྱིས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་དུ་མདུན་སྐྱོད་བྱེད་དགོས་པའི་བསླབ་བྱ་ཡིད་ལ་དམ་པོར་བཟུང་སྟེ། ཕུགས་བསམ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། སློབ་གཉིས་བྱེད་གཅིག་སློབ་སྦྱོང་སློབ་གསོ་བྱ་འགུལ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་སྒྱུར་བར་སྐུལ་འདེད་བཏང་སྟེ། བསམ་པའི་རྣམ་པ་བཟང་བོ་དང་ཕུལ་བྱུང་བྱས་རྗེས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་རྒྱུའི་ཚུལ་བསྟན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།