ཀྲུང་གོ་བོད་ཀྱི་དྲ་བ།

ཡུས་ཀྲིན་ཧྲིན་གྱིས་མགོ་འཛིན་བྱས་ཏེ་རྒྱལ་ཡོངས་སྲིད་གྲོས་ཀྱི་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

俞正声主持全国政协双周协商座谈会.jpg

ཟླ་དྲུག་པའི་ཚེས་ཉེར་གཉིས་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་རེ་དགུ་བ་བསྡུས་ཏེ། སློབ་གྲྭའི་ཟ་ཁང་ལ་དོ་དམ་བཟང་བོ་བྱེད་པར་དམིགས་ནས་བློ་འདོན་ཇུས་འབུལ་བྱས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། 
 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་ གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་རེ་དགུ་བ་བསྡུས་ཏེ། སློབ་གྲྭའི་ཟ་ཁང་ལ་དོ་དམ་དོ་དམ་བཟང་བོ་བྱེད་པར་དམིགས་ནས་བློ་འདོན་ཇུས་འབུལ་བྱས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལིས་ཝེ་ཧུང་དང་ཆུའུ་ཆན། ལིག་ཁྲང་མེན། ཀྲང་ཏ་ཧྥང་། ཏུང་ཞའོ་ཕིང་། ཧུའུ་ཝེ། ཀྲང་ཞེའོ། ཏེ་ཞའོ་ཡན། ཞའོ་ཞིན་ཡོ། ཀྲིག་ཧྥུན། སུང་ཧོས་ལིན། ཧུའུ་ཝན་ཉིན། མཱ་ཏེ་ཞིག ཆེད་མཁས་པ་ཁྲིན་ཝེ་ལིས་སོགས་ཀྱིས་བཞུགས་མོལ་ཚོགས་འདུའི་སྟེང་གཏམ་བཤད།

ཨུ་ཡོན་རྣམས་ཀྱིས་བལྟས་ན། སློབ་གྲྭའི་ཟ་ཁང་དོ་དམ་དེ་རྒྱ་ཆེའི་སློབ་མའི་ཟས་རིགས་བདེ་འཇགས་དང་བདེ་ཐང་འཚར་ལོངས་བཅས་དང་འབྲེལ་བ་ཡོད་ལ། རྒྱལ་ཁབ་ཀྱི་མི་གྲངས་སྤུས་ཚད་དང་འཕེལ་རྒྱས་ཆུ་ཚད། མི་རིགས་ཀྱི་མ་འོངས་པ་བཅས་ལའང་འབྲེལ་བ་ཡོད་པས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དུས་དང་རྣམ་པ་ཀུན་ཏུ་ན་གཞོན་ལོ་ཆུང་བདེ་ཐང་ངང་འཚར་ལོངས་འབྱུང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ནུས་ལྡན་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་མཐོ་རིམ་སློབ་གྲྭའི་ཟ་ཁང་དོ་དམ་དང་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་འཚོ་བཅུད་ཆུ་ཚད་མཐོར་འདེགས་སུ་བཏང་། ཁྱད་པར་དུ་ཞིང་སྡེའི་སློབ་མའི་འཚོ་བཅུད་རྣམ་པ་སྔར་ལས་ཇེ་ལེགས་སུ་གཏོང་བར་རེ་བ་གསལ་བོ་བཏོན། རིམ་པ་སོ་སོའི་སྲིད་གཞུང་དང་འབྲེལ་ཡོད་ལས་ཁུངས་སོ་སོས་བྱ་བ་མང་པོ་བསྒྲུབས་ཏེ་གྲུབ་འབྲས་མངོན་གསལ་བླངས་ཡོད་མོད། འོན་ཀྱང་ད་རུང་དེར་མཐོང་ཆེན་དང་ཐག་གཅོད་བྱེད་དགོས་པའི་གནད་དོན་ཁ་ཤས་སྔར་བཞིན་གནས་ཡོད་པར་འདོད།

ཨུ་ཡོན་ཁ་ཤས་ཀྱིས་སློབ་གྲྭའི་ཟ་ཁང་ལ་དོ་དམ་བཟང་བོ་བྱེད་པའི་ཐད་ལ་གཅིག་ནས་མགོ་ཁྲིད་ཀྱིས་དེར་མཐོང་ཆེན་བྱེད་དགོས་པ་དང་གཉིས་ནས་དོ་དམ་ཚད་ལྡན་དུ་གཏོང་དགོས། གསུམ་ནས་ཡོངས་བསྒྲགས་མངོན་གསལ་བྱེད་དགོས། བཞི་ནས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དགོས། ལྔ་ནས་དྲིལ་སྒྲོག་བྱ་བར་གཙིགས་འཛིན་བྱེད་དགོས་པ་བཅས་ཀྱི་གྲོས་གཞི་བཏོན།

ཨུ་ཡོན་རྣམས་ཀྱིས་ད་རུང་འཚོ་བཅུད་སྙོམས་མཁན་སྐྱེད་སྲིང་བྱེད་པར་ཤུགས་སྣོན་པ་དང། སློབ་གྲྭའི་ནང་ཁུལ་དུ་ཚོང་ཁང་ཆུང་བ་འཛུགས་པར་གཏན་འགོག་བྱེད་པ་སོགས་ཀྱི་གནད་དོན་ཐད་ལ་བསམ་འཆར་དང་གྲོས་གཞི་བཏོན། ཡུས་ཀྲིན་ཧྲིན་གྱིས་བསམ་འཆར་ལ་ཞིབ་ཏུ་ཉན་པར་མ་ཟད་ཚང་མ་དང་བརྗེ་རེས་བྱས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཆི་ཏི་ཡིས་གྲོས་ཚོགས་སྟེང་བསམ་འཆར་བཏོན། སློབ་གསོ་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲུའུ་ཀྲི་ཝུན་གྱིས་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས། ནོར་སྲིད་པུའུ་ཡི་པུའུ་ཀྲང་གཞོན་པ་ཡུས་ཝེ་ཕིང་དང་རྒྱལ་ཁབ་འཕྲོད་བསྟེན་འཆར་འགོད་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཅིན་ཞོ་ཐིའོ། ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་གཞོན་ཅའོ་ཧུང་སོགས་ཀྱིས་ཨུ་ཡོན་དང་བརྗེ་རེས་བྱས།

རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་སློབ་གྲྭའི་ཟ་ཁང་ལ་དོ་དམ་བཟང་བོ་བྱེད་པའི་བྱ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། ཐེངས་འདིའི་གྲོས་ཚོགས་བཟང་བོར་བསྡུ་ཆེད། ཅིག་སན་སློབ་ཚོགས་ཀྲུང་དབྱང་དང་། རྒྱལ་ཡོངས་སྲིད་གྲོས་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ལུས་རྩལ་ཨུ་ཡོན་ལྷན་ཁང་གིས་ཨུ་ཡོན་རྩ་འཛུགས་བྱས་ནས་ཆེད་དོན་རྟོག་ཞིབ་བྱ་བ་བསྒྲུབས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཆིན་ལིན་དང་། ཀྲང་ཆིན་ལིས། ཁྲིན་ཡོན། ལུའུ་ཀྲན་ཀུང་བཅས་བཞུགས་མོལ་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།