ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་ཨ་མེ་རི་ཁའི་མཐོ་རིམ་རིག་མཛོད་བགྲོ་གླེང་ཚོགས་འདུའི་བྱ་འགུལ་ཐོག་མ་དེ་ཨ་མེ་རི་ཁའི་ཨེ་ཨོ་བ་ཀྲིག་གི་ཏི་མེ་དབྱིན་གྲོང་ཁྱེར་ནས་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན། ཀྲུང་གོ་དང་ཨ་མེ་རི་ཁའི་མཐོ་རིམ་རིག་མཛོད་བགྲོ་གླེང་ཚོགས་འདུའི་བྱ་འགུལ་ཐོག་མ་དེ་ཨ་མེ་རི་ཁའི་ཨེ་ཨོ་བ་ཀྲིག་གི་ཏི་མེ་དབྱིན་གྲོང་ཁྱེར་ནས་སྤེལ་བ་དང་། ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ནས་ཡོང་བའི་རིག་མཛོད་ཆེད་མཁས་པ་དང་ཤེས་ཡོན་ཅན་ཉི་ཤུ་ལྷག་གིས་ཧེ་ཧུའུ་གཞིས་ཀའི་ཐུག་འཕྲད་རྗེས་ཀྱི་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་དང་དཔལ་འབྱོར་ཉོ་ཚོང་མཉམ་ལས། ཞིང་ཆེན་དང་ཀྲིག་བར་གྱི་མཉམ་ལས་དང་བརྗེ་རེས་སོགས་ཀྱི་ཐད་ནས་གྲོས་བསྡུར་བྱས་པར་མ་ཟད་བློ་འདོན་ཇུས་འབུལ་བྱས།

ཀྲུང་གོ་དང་མ་མེ་རི་ཁའི་མཐོ་རིམ་རིག་མཛོད་བགྲོ་གླེང་ཚོགས་འདུ་དེ་ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་དང་ཀྲུང་གོ་དེང་རབས་རྒྱལ་སྤྱིའི་འབྲེལ་བའི་ཞིབ་འཇུག་གླིང་། འཛམ་གླིང་འབྲུ་རིགས་བྱ་དགའི་ཐེབས་རྩ་ཚོགས་པ་བཅས་ཀྱིས་མཉམ་དུ་བསྒྲུབས་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།