ཀྲུང་གོ་བོད་ཀྱི་དྲ་བ།

ལིག་ཡུན་ཧྲན་གྱིས་གསེར་གྱོམ་རྒྱལ་ཁབ་སྨྱན་བྱད་ཀྱི་མཐོ་རིམ་གླེང་སྟེགས་ཀྱི་སྨྱན་བྱད་འཐུས་མིར་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

刘云山会见金砖国家媒体高端论坛媒体代表 1.jpg

ཟླ་དྲུག་པའི་ཚེས་བདུན་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་པེ་ཅིན་ནས་གསེར་གྱོམ་རྒྱལ་ཁབ་སྨྱན་བྱད་ཀྱི་མཐོ་རིམ་གླེང་སྟེགས་ཀྱི་སྨྱན་བྱད་འཐུས་མིར་ཐུག་འཕྲད་བྱས། 
 

刘云山会见金砖国家媒体高端论坛媒体代表 2.jpg

ཟླ་དྲུག་པའི་ཚེས་བདུན་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་པེ་ཅིན་ནས་གསེར་གྱོམ་རྒྱལ་ཁབ་སྨྱན་བྱད་ཀྱི་མཐོ་རིམ་གླེང་སྟེགས་ཀྱི་སྨྱན་བྱད་འཐུས་མིར་ཐུག་འཕྲད་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་ཚེས་བདུན་ཉིན་པེ་ཅིན་ནས་གསེར་གྱོམ་རྒྱལ་ཁབ་སྨྱན་བྱད་ཀྱི་མཐོ་རིམ་གླེང་སྟེགས་ཀྱི་སྨྱན་བྱད་འཐུས་མིར་ཐུག་འཕྲད་བྱས།

ལིག་ཡུན་ཧྲན་གྱིས་བཤད་རྒྱུར། གསེར་གྱོམ་རྒྱལ་ཁབ་བར་གྱི་མཉམ་ལས་ལ་ལོ་ངོ་བཅུ་ལྷག་གི་ལོ་རྒྱུས་ལྡན་པར་མ་ཟད། དེ་འཛམ་གླིང་གི་འཕེལ་རྒྱས་ལ་འཕར་སྣོན་འབྱུང་བར་སྐུལ་འདེད་གཏོང་བ་དང་། འཛམ་གླིང་བཅོས་སྐྱོང་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། ད་ལོའི་ཟླ་དགུ་བར། ཀྲུང་གོ་ནས་གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲོད་པའི་ཐུག་འཕྲད་ཐེངས་དགུ་བ་སྤེལ་རྒྱུ་ཡིན་པས། ཁོངས་གཏོགས་རྒྱལ་ཁབ་བར་དང་མཉམ་དུ་ཐུན་མོང་གི་ལྟ་བ་སྔར་ལས་གཅིག་ཏུ་བསྡུས་ནས། གསེར་གྱོམ་རྒྱལ་ཁབ་བར་གྱི་མཉམ་ལས་ལ་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་བར་རེ་སྒུག་བྱས་ཡོད། སྨྱན་བྱད་མཉམ་ལས་ནི་གསེར་གྱོམ་རྒྱལ་ཁབ་བར་གྱི་མཉམ་ལས་ཀྱི་ཕྱོགས་གཙོ་བོ་ཡིན་པས། རྒྱལ་ཁབ་ལྔའི་སྨྱན་བྱད་ཀྱིས་གསེར་གྱོམ་སྙིང་སྟོབས་དར་སྤེལ་བྱས་ནས། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། མཉམ་དུ་གསེར་གྱོམ་གཏམ་རྒྱུད་བཟང་བོར་བརྗོད་དེ། གསེར་གྱོམ་རྒྱལ་ཁབ་བར་གྱི་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་དྲང་ཕྱོགས་ཀྱི་ནུས་ཚད་འདོན་སྤྲོད་བྱེད་པར་རེ་བ་བྱེད་ཀྱིན་ཡོད་ཟེར།

གྲོས་ཚོགས་སུ་ཞུགས་པའི་སྨྱན་བྱད་འཐུས་མིས་བཤད་རྒྱུར། ཐེངས་འདིའི་མཐོ་རིམ་གླེང་སྟེགས་དང་བསྟུན་ནས། བརྗེ་རེས་བྱེད་པ་དང་ཕན་ཚུན་བར་དཔྱད་གཞིར་འཛིན་པ། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་བཅས་ལ་ཤུགས་བསྣན་ཏེ། གསེར་གྱོམ་རྒྱལ་ཁབ་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་སྟོབས་ཤུགས་དང་བྱས་རྗེས་འཇོག་འདོད་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།