ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་དང་ན་ཀྲ་ཨར་པ་ཡེ་ཧྥུའུ་གཉིས་ཀྱིས་དར་གོས་ཚོང་ལམ་དཔལ་འབྱོར་ས་ཁུལ་དང་འོད་ཟེར་བགྲོད་ལམ་གཉིས་འབྲེལ་མཐུད་བྱེད་པའི་རླབས་ཆེན་ལག་ལེན་ཞེས་པའི་རི་མོའི་དཔེ་ཆའི་སྟེང་ཞུ་ཚིག་ཕུལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  2017ལོ་ནི་ཀྲུང་གོ་དང་ཧ་སག་སི་ཐན་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ཉེར་ལྔ་ལོན་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཧ་སག་སི་ཐན་རྒྱལ་ཁབ་ཀྱི་ཙུང་ཐུང་ན་ཀྲ་ཨར་པ་ཡེ་ཧྥུའུ་གཉིས་ཀྱིས་ཉེ་ལམ་སོ་སོར་མཛེས་སྡུག་གི་ཀྲུང་གོ་དང་མཛེས་སྡུག་གི་ཧ་སག་སི་ཐན་གྱི་དར་གོས་ཚོང་ལམ་དཔལ་འབྱོར་ས་ཁུལ་དང་འོད་ཟེར་བགྲོད་ལམ་གཉིས་འབྲེལ་མཐུད་བྱེད་པའི་རླབས་ཆེན་ལག་ལེན་ཞེས་པའི་རི་མོའི་དཔེ་ཆའི་སྟེང་ཞུ་ཚིག་ཕུལ།

ཞི་ཅིན་ཕིང་གིས་ཞུ་ཚིག་ནང་བཤད་རྒྱུར། 2017ལོ་ནི་ཀྲུང་གོ་དང་ཧ་སག་སི་ཐན་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ཉེར་ལྔ་ལོན་པ་ཡིན་ལ། ཧ་སག་སི་ཐན་ཕྱོགས་ཀྱིས་ཐོག་དང་པོར་ཀྲུང་གོ་གནས་སྐོར་ལོ་ཞེས་པའི་བྱ་འགུལ་སྤེལ། ཀྲུང་གོ་དང་ཧ་སག་སི་ཐན་གཉིས་ཀྱིས་མཉམ་དུ་པར་སྐྲུན་བྱས་པའི་མཛེས་སྡུག་གི་ཀྲུང་གོ་དང་མཛེས་སྡུག་གི་ཧ་སག་སི་ཐན་ཞེས་པའི་རི་མོའི་དཔེ་ཆ་ལས་འཛམ་གླིང་སྟེང་རྒྱལ་ཁབ་གཉིས་ཀྱི་མིའི་ཡིད་དབང་འཕྲོག་པའི་རང་བྱུང་རིགས་གཞུང་མཛེས་ལྗོངས་ངོམ་པར་བྱས་པ་དང་། ཀྲུང་གོ་དང་ཧ་སག་སི་ཐན་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་བཤེས་མཚོན་པར་བྱས་པས། དེར་དོན་སྙིང་གལ་ཆེན་ལྡན་ཟེར།

ཞི་ཅིན་ཕིང་གིས་བཤད་རྒྱུར། ཀྲུང་གོ་དང་ཧ་སག་སི་ཐན་གཉིས་གནའ་བོའི་དར་གོས་ཚོང་ལམ་སྟེང་གི་རྒྱལ་ཁབ་གལ་ཆེན་ཡིན་པའི་ཆ་ནས། དཔལ་ཡོན་དང་བརྗེ་རེས་ལ་སྐུལ་འདེད་གཏོང་བའི་ཐད་ལ་བྱས་རྗེས་གལ་ཆེན་བཞག ཀྲུང་གོ་དང་ཧ་སག་སི་ཐན་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ཉེར་ལྔ་འགོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་མྱུར་དུ་འཕེལ་རྒྱས་བྱུང་བ་དང་། ཕྱོགས་གཉིས་ཀྱི་མཐོ་རིམ་བར་གྱི་འགྲོ་འོང་ཇེ་མང་དུ་སོང་ལ། ཆབ་སྲིད་ཐད་ཀྱི་ཡིད་ཆེས་ཇེ་བརྟན་དུ་བཏང་བར་མ་ཟད། དངོས་གཉེར་མཉམ་ལས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་ཧ་སག་སི་ཐན་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་བཏང་། ང་ཚོས་ཀྲུང་གོ་དང་ཧ་སག་སི་ཐན་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ཉེར་ལྔ་ལོན་པ་དང་བསྟུན་ནས། མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་མཉམ་དུ་འབད་བརྩོན་བྱས་ཏེ། སྲོལ་རྒྱུན་མཛའ་བཤེས་དར་སྤེལ་བྱེད་པ་དང་ལག་གདང་སྦྲེལ་ནས་མ་འོངས་པ་བཟང་བོ་གསར་གཏོད་བྱེད་དགོས་ཟེར།

ན་ཀྲ་ཨར་པ་ཡེ་ཧྥུའུ་ཡིས་ཞུ་ཚིག་ནང་བཤད་རྒྱུར། 2017ལོར་ཧ་སག་སི་ཐན་གྱིས་ཀྲུང་གོ་གནས་སྐོར་ལོ་ཞེས་པའི་བྱ་འགུལ་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་རྒྱུས་ལོན་སྔར་ལས་ཇེ་དམ་དུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བཤེས་གཏིང་ཟབ་ཏུ་སྤེལ་རྒྱུ་རེད། དར་གོས་ཚོང་ལམ་བསྐྱར་སྤེལ་བྱེད་པར་ཆེད་དུ་སྐྲུན་པའི་རི་མོའི་དཔེ་ཆ་ལས་ཧ་སག་སི་ཐན་དང་ཀྲུང་གོ་གཉིས་ཀྱི་འོད་སྟོང་འབར་བའི་གྲུབ་འབྲས་ངོམ་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།