ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་དཔལ་ཡོན་བྱ་བའི་གཞུང་སྒྲུབ་ཁང་སོགས་ལས་ཁུངས་དྲུག་གིས་སྐབས་དྲུག་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་ལེགས་ཅན་འདེམ་བསྐོ་གཟེངས་བསྟོད་བྱ་འགུལ་སྤེལ་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་དཔལ་ཡོན་བྱ་བའི་གཞུང་སྒྲུབ་ཁང་། ཀྲུང་དབྱང་དམག་ཨུའི་ཆབ་སྲིད་བྱ་བའི་པུའུ། རྒྱལ་ཡོངས་སྤྱིའི་བཟོ་ཚོགས། གུང་གཞོན་ཚོགས་པ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་ཟླ་ལྔ་བའི་ཚེས་དྲུག་ཉིན་པེ་ཅིན་ནས་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་ཏེ། སྐབས་དྲུག་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་ལེགས་ཅན་འདེམ་བསྐོ་གཟེངས་བསྟོད་བྱ་འགུལ་སྤེལ་མགོ་བརྩམས་པ་དང་། ཀུན་སྤྱོད་དཔེ་ལེགས་ཅན་དྲིལ་སྒྲོག་དང་སློབ་སྦྱོང་བྱེད་པའི་བྱ་འགུལ་ཡོངས་ཁྱབ་ཏུ་སྤེལ་བ། སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་ཀུན་སྤྱོད་འཛུགས་སྐྲུན་ཐད་ནས་འཕེལ་རྒྱས་གསར་བ་དང་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་བཏང་སྟེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བར་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་བོ་སྐྲུན་པར་བཀོད་སྒྲིག་བྱས།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབས་དང་རིམ་པའི་དགོངས་དོན་དང་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་བཅས་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་དགོས་ལ། ཆབ་སྲིད་ཀྱི་འདུ་ཤེས་དང་ཁྱོན་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་འདུ་ཤེས། དཔེ་ལྟའི་འདུ་ཤེས་བཅས་དམ་པོར་བཅངས་ཏེ། བསམ་བློའི་ཀུན་སྤྱོད་འཛུགས་སྐྲུན་གྱི་འགན་འཁྲིའི་བསམ་པ་ཇེ་ཆེར་གཏོང་དགོས་པར་མ་ཟད། སྐབས་དྲུག་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་ལེགས་ཅན་འདེམ་བསྐོ་གཟེངས་བསྟོད་བྱ་འགུལ་སྤེལ་བར་རྩ་འཛུགས་བཟང་བོ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་ཀུན་སྤྱོད་འཛུགས་སྐྲུན་བྱ་བའི་གྲུབ་འབྲས་གཅིག་སྡུད་སྒོས་མཚོན་པར་བྱེད་དགོས། མང་ཚོགས་ཀྱིས་འདེམ་བསྐོ་བྱེད་པ་སོགས་གཞི་རྩའི་འདེམ་བསྐོ་བྱེད་ཐབས་རྒྱུན་འཁྱོངས་བྱས་ནས། ངོ་སྤྲོད་དང་འདེམ་བསྐོ། གཟེངས་བསྟོད་བཅས་ཕྱོགས་ཀྱི་བྱ་བ་སྣ་ཚོགས་གོ་རིམ་ལྟར་བཟང་བོར་སྒྲུབ་དགོས་ཟེར།

ཤེས་པ་ལྟར་ན། ཀྲུང་དབྱང་དཔལ་ཡོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་ཀྱིས་ཆོག་མཆན་བཀོད་པ་ལྟར། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་དཔལ་ཡོན་བྱ་བའི་གཞུང་སྒྲུབ་ཁང་སོགས་གཙོ་སྒྲུབ་ལས་ཁུངས་དྲུག་གིས་ཉེ་ལམ་སྐབས་དྲུག་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་ལེགས་ཅན་འདེམ་བསྐོ་གཟེངས་བསྟོད་བྱ་འགུལ་སྤེལ་བའི་སྐོར་གྱི་བརྡ་ཐོ་དཔར་ནས་བཀྲམ། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།