ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྩོམ་གྱི་བདག་དབང་བཅའ་ཁྲིམས་ཀྱི་ཁྲིམས་འཛིན་ཞིབ་བཤེར་བྱེད་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྩོམ་གྱི་བདག་དབང་བཅའ་ཁྲིམས་ཀྱི་ཁྲིམས་འཛིན་ཞིབ་བཤེར་བྱེད་མགོ་བརྩམས། རྩོམ་གྱི་བདག་དབང་བཅའ་ཁྲིམས་ལག་བསྟར་བྱས་ནས་ད་ལྟའི་བར་དུ་ལོ་ངོ་ཉེར་དྲུག་འགོར་ཡོད་མོད། འོན་ཀྱང་ལག་བསྟར་བྱ་བར་ད་རུང་མི་འདང་ས་གནས་ཡོད་ལ། བྱ་བའི་ཁྲོད་ཀྱི་དོན་དག་ཁ་ཤས་ཁྲིམས་ལྟར་ཐག་གཅོད་བྱེད་དགོས་པར་ཐུག་ཡོད།

ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་ཟླ་ལྔ་བའི་ཟླ་སྨད་ནས་ཟླ་བདུན་པའི་ཟླ་སྟོད་བར་དུ་པེ་ཅིན་དང་ཧྲང་ཧེ་སོགས་ཞིང་ཆེན་དང་གྲོང་ཁྱེར་ལྔར་སོང་ནས་ཞིབ་བཤེར་བྱེད་རྒྱུ་ཡིན་ལ། དེ་དང་མཉམ་དུ་ཐེན་ཅིན་དང་ཧི་པེ་སོགས་ཞིང་ལྗོངས་དང་གྲོང་ཁྱེར་བཅུའི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་མངག་བཅོལ་བྱས་ཏེ་སྲིད་འཛིན་ས་ཁུལ་རང་ནས་རྩོམ་གྱི་བདག་དབང་བཅའ་ཁྲིམས་ལག་བསྟར་བྱེད་པའི་གནས་ཚུལ་ལ་ཞིབ་བཤེར་བྱེད་རྒྱུ་རེད། ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གིས་ཁྲིམས་འཛིན་ཞིབ་བཤེར་བྱ་བས་གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་ལུགས་ལག་བསྟར་བྱེད་པར་ཤུགས་རྐྱེན་ཐེབས་པའི་གནད་དོན་གཙོ་བོར་དམིགས་ཏེ་ཞིབ་བཤེར་བྱ་བ་བསྒྲུབ་རྒྱུ་ཡིན་ལ། རང་རྒྱལ་གྱི་རྩོམ་གྱི་བདག་དབང་ལས་དོན་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་སྤྱིའི་གནས་ཚུལ་དང་གོ་རིམ་རྗེས་མའི་བྱ་བའི་བསམ་ཕྱོགས་དང་བྱེད་ཐབས་བཅས་གཙོ་བོར་བཟུང་སྟེ། རྩོམ་གྱི་བདག་དབང་གསར་སྐྲུན་དང་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་དང་། སྤྱི་ཐུན་ཞབས་ཕྱི་བྱ་བར་ཤུགས་སྣོན་པ། རིག་གནས་ལས་དོན་དང་རིག་གནས་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་བཅས་ཀྱི་གནས་ཚུལ་སོགས་ལ་ཞིབ་བཤེར་བྱེད་རྒྱུ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།