ལིས་ཁི་ཆང་གིས་ཨེ་ཅིབ་ལ་འཇིགས་སྐུལ་འཇབ་རྒོལ་ཐེབས་པའི་སྐོར་ནས་ཨེ་ཅིབ་རྒྱལ་ཁབ་ཀྱི་ཙུང་ལི་ལ་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་བདུན་ཉིན་ཨེ་ཅིབ་རྒྱལ་ཁབ་ཀྱི་ཙུང་ལི་དབྱི་སི་མེས་ཨར་ལ་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་སྟེ། ཚེས་ཉེར་དྲུག་ཉིན་ཨེ་ཅིབ་མེན་ཡ་ཞིང་ཆེན་ནས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བྱུང་བར་ཁ་རྡུང་དྲག་པོ་བཏང་བ་དང་། ཙུང་ལི་དབྱི་སི་མེས་ཨར་དང་ཚེ་འདས་ཀྱི་ཁྱིམ་མི། རྨས་མ་བཅས་ལ་སེམས་གཏིང་ནས་འཚམས་འདྲི་ཞུས།

ལིས་ཁི་ཆང་གིས་འཚམས་འདྲི་ཞུ་བའི་གློག་འཕྲིན་ནང་གསུངས་རྒྱུར། ཀྲུང་གོ་སྲིད་གཞུང་གིས་མུ་མཐུད་དུ་ཨེ་ཅིབ་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པར་བློ་བརྟན་འགྱུར་མེད་སྒོས་རྒྱབ་སྐྱོབ་བྱེད་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།