ལིས་ཁི་ཆང་གིས་དཔང་ཡིག་སྣ་མང་གཅིག་བསྡུ་བཅོས་སྒྱུར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དཔང་ཡིག་སྣ་མང་གཅིག་བསྡུ་བཅོས་སྒྱུར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཚེས་ཉེར་དྲུག་ཉིན་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། མཆན་བཀོད་མཛུབ་སྟོན་ལས་བཀོད་དོན། ཚོང་དོན་ལམ་ལུགས་བཅོས་སྒྱུར་བྱེད་པ་ནི་སྲིད་བསྡུ་དབང་གཏོང་དང་། དབང་གཏོང་དང་དོ་དམ་གཉིས་ཟུང་འབྲེལ་བྱེད་པ། ཞབས་ཕྱི་ལེགས་བཅོས་བྱེད་པའི་བཅོས་སྒྱུར་གྱི་ནང་དོན་གལ་ཆེན་ཡིན། ཉེ་བའི་ལོ་འགའི་རིང་ལ་དེར་འཕེལ་རྒྱས་མངོན་གསལ་བྱུང་བར་མ་ཟད། ཚོང་རའི་གསོན་ཤུགས་དང་སྤྱི་ཚོགས་གསར་སྐྲུན་གྱི་སྟོབས་ཤུགས་ནུས་ཡོད་སྒོས་ཇེ་ཆེར་བཏང་། ད་ལོ་བཅོས་སྒྱུར་ཁྱོན་ཡོངས་ཟབ་སྤེལ་བྱེད་པའི་བཀོད་སྒྲིག་ལྟར། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་གཙོ་བོར་བཟུང་སྟེ། དཔང་ཡིག་སྣ་མང་གཅིག་བསྡུ་བྱེད་པ་དེ་ཚོང་དོན་ལམ་ལུགས་བཅོས་སྒྱུར་བྱེད་པའི་བྱ་བ་གཙོ་བོར་བརྩིས་ནས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་ལེགས་སྒྲུབ་བྱེད་དགོས། འབྲེལ་ཡོད་ལས་ཁུངས་སོ་སོ་དང་ས་གནས་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་དང་བཀོད་སྒྲིག་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་ནས། རང་འགུལ་གྱིས་བྱ་བ་སྒྲུབ་པ་དང་། ཁག་ཁུར་བྱེད་ཕོད་པ། ཁེ་ལས་ལ་འབྲེལ་བ་ཡོད་པའི་དཔང་ཡིག་ཁྱོན་ཡོངས་ནས་ལེགས་སྒྲིག་བྱེད་དགོས་ལ། བཅོས་སྒྱུར་འབྲེལ་མཐུད་བྱ་བ་བཟང་བོར་བསྒྲུབས་ཏེ། དཔང་ཡིག་སྣ་མང་གཅིག་བསྡུ་བཅོས་སྒྱུར་བྱ་བའི་དམིགས་འབེན་དུས་ལྟར་མངོན་འགྱུར་བྱེད་པར་ཁག་ཐེག་བྱེད་དགོས་པར་མ་ཟད། སྔར་ལས་ལྷག་པར་རྒྱལ་སྤྱི་ཅན་དང་ཁྲིམས་སྐྱོང་ཅན། སྟབས་བདེ་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་སྐྲུན་པ་དང་། ཀུན་གྱིས་བྱ་བཞག་སྐྲུན་པ་དང་དམངས་ཀྱིས་ལས་སྐྲུན་བྱེད་པ། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་སྐྱེད་སྲིང་བྱེད་པ་བཅས་ལ་སྐུལ་འདེད་བཏང་སྟེ། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་བདེ་བླག་སྒོས་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར།

རྒྱལ་སྲིད་ཨུ་ཡོན་ཝང་ཡུན་གྲོས་ཚོགས་སུ་ཞུགས་པར་མ་ཟད་གཏམ་བཤད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།