ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ལུའུ་ཧ་ཉི་ལ་གློག་འཕྲིན་བཏང་སྟེ་ཁོ་རང་ཡང་བསྐྱར་དབྱི་ལང་གི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་ཉི་ཤུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལུའུ་ཧ་ཉི་ལ་གློག་འཕྲིན་བཏང་སྟེ་ཁོ་རང་ཡང་བསྐྱར་དབྱི་ལང་གི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་གསུངས་རྒྱུར། འདས་པའི་ལོ་བཞིའི་ནང་སྐུ་ཞབས་ཙུང་ཐུང་གི་མགོ་ཁྲིད་འོག དབྱི་ལང་རྒྱལ་ཁབ་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་གྲུབ་འབྲས་གསར་བ་བླངས། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག ཀྲུང་གོ་དང་དབྱི་ལང་བར་གྱི་འབྲེལ་བའི་འཕེལ་རྒྱས་ཐད་ལ་རྣམ་པ་བཟང་བོ་བྱུང་། ན་ནིང་གི་ཟླ་དང་པོར། བདག་གིས་དབྱི་ལང་ལ་རྒྱལ་དོན་འཚམས་འདྲི་བྱས་པར་མ་ཟད་ཁྱེད་དང་མཉམ་དུ་གྲོས་མོལ་བྱས་ཏེ། ཀྲུང་གོ་དང་དབྱི་ལང་གི་འབྲེལ་བའི་ཐད་ནས་ཐུན་མོང་གི་ལྟ་ཚུལ་གང་མང་བྱུང་བ་དང་། རྒྱལ་ཁབ་གཉིས་ཀྱིས་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཛུགས་རྒྱུ་དངོས་སུ་ཁྱབ་སྒྲོག་བྱས། བདག་གིས་ཀྲུང་གོ་དང་དབྱི་ལང་བར་གྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད། ཁྱེད་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་དབྱི་ལང་བར་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།  ། 

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།