ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་དབྱི་ཐ་ལིའི་ཙུང་ལི་ཀྲིན་ཏེ་ལོ་ཉི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

6d63e4b5339be6a95ffd355fc24c9595.jpg

ཟླ་ལྔ་བའི་ཚེས་བཅུ་དྲུག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་ཏིའོ་ཡུས་ཐའེ་རྒྱལ་མགྲོན་ཁང་ནས་ཀྲུང་གོར་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སུ་ཞུགས་པར་ཡོང་བའི་དབྱི་ཐ་ལིའི་ཙུང་ལི་ཀྲིན་ཏེ་ལོ་ཉི་ལ་མཇལ་འཕྲད་གནང་། 
 

bb7734e6c650fcede21e1d53ea6e161d.jpg

ཟླ་ལྔ་བའི་ཚེས་བཅུ་དྲུག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་ཏིའོ་ཡུས་ཐའེ་རྒྱལ་མགྲོན་ཁང་ནས་ཀྲུང་གོར་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སུ་ཞུགས་པར་ཡོང་བའི་དབྱི་ཐ་ལིའི་ཙུང་ལི་ཀྲིན་ཏེ་ལོ་ཉི་ལ་མཇལ་འཕྲད་གནང་། 
 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་བཅུ་དྲུག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་ཏིའོ་ཡུས་ཐའེ་རྒྱལ་མགྲོན་ཁང་ནས་ཀྲུང་གོར་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སུ་ཞུགས་པར་ཡོང་བའི་དབྱི་ཐ་ལིའི་ཙུང་ལི་ཀྲིན་ཏེ་ལོ་ཉི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་བར་གྱི་འཚམས་འདྲི་ཇེ་མང་དུ་སོང་བ་དང་། རིམ་པ་སོ་སོའི་མི་སྣའི་བར་གྱི་འགྲོ་འོང་ཇེ་དམ་དུ་སོང་ཡོད་པར་མ་ཟད། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་འཕེལ་རྒྱས་བྱུང་། ཀྲུང་གོ་ཕྱོགས་ཀྱིས་དབྱི་ཐ་ལི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། ཀྲུང་གོ་དང་དབྱི་ཐ་ལི་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་དབྱི་ཐ་ལི་གཉིས་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁོངས་གཏོགས་གལ་ཆེན་ཡིན་པས། ཕྱོགས་གཉིས་ཀྱིས་མཐོ་རིམ་བར་གྱི་འགྲོ་འོང་རྒྱུན་འཁྱོངས་བྱེད་པ་དང་། སྲིད་གཞུང་དང་ཁྲིམས་འཛུགས་ལས་ཁུངས། སྲིད་ཏང་། ས་གནས་བཅས་ཐད་ཀྱི་བརྗེ་རེས་གཏིང་ཟབ་ཏུ་སྤེལ་དགོས། ཀྲུང་གོ་ཕྱོགས་ཀྱིས་དབྱི་ཐ་ལི་ཕྱོགས་དང་རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐད་ནས་འབྲེལ་འདྲིས་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་འདོད་ཡོད་ལ། དབྱི་ཐ་ལི་ཕྱོགས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ནུས་པ་བཟང་པོ་མུ་མཐུད་དུ་འདོན་སྤེལ་བྱས་ནས། ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་བར་གྱི་འབྲེལ་བའི་འཕེལ་རྒྱས་ཀྱི་གནས་བབ་བཟང་པོར་སྲུང་སྐྱོབ་བྱེད་པ་དང་། ཀྲུང་གོ་དང་ཡོ་རོབ་གླིང་གཉིས་ཀྱི་དངོས་གཉེར་མཉམ་ལས་ཧུར་ཐག་སྒོས་རྒྱ་བསྐྱེད་དེ། རྒྱུད་གཅིག་ལམ་གཅིག་གྲོས་གཞི་དང་ཡོ་རོབ་གླིང་གི་དངུལ་གཏོང་ཇུས་གཞི་གཉིས་འབྲེལ་མཐུད་བཟང་པོ་བྱས་ནས། ཀྲུང་གོ་དང་ཡོ་རོབ་གླིང་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་སྟོབས་ཤུགས་གསར་བ་སྣོན་རྒྱུའི་རེ་བ་བྱེད་ཀྱིན་ཡོད་ཟེར།

ཀྲིན་ཏེ་ལོ་ཉི་ཡིས་བཤད་རྒྱུར། དབྱི་ཐ་ལི་ཕྱོགས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་སྤྱི་ཁོག་ནང་གི་རྨང་གཞིའི་སྒྲིག་ཆས་སོགས་ཀྱི་མཉམ་ལས་ཁྲོད་ཞུགས་འདོད་ཡོད། ལོ་མང་པོའི་རིང་ལ། དབྱི་ཐ་ལི་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་བཟང་པོ་བྱུང་ཡོད། དབྱི་ཐ་ལི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཀྲུང་གོ་ཕྱོགས་དང་མཐོ་རིམ་བར་གྱི་འགྲོ་འོང་རྒྱུན་འཁྱོངས་བྱས་ནས། དཔལ་འབྱོར་དང་ལག་རྩལ། ཞིང་ལས། འཕྲོད་བསྟེན། སློབ་གསོ། རིག་གནས། གནས་སྐོར། ཁེ་ལས་འབྲིང་ཆུང་བཅས་ཕྱོགས་ཀྱི་མཉམ་ལས་ལ་ཤུགས་བསྣན་ཏེ། ཡོ་རོབ་གླིང་མནའ་འབྲེལ་དང་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་སྟོབས་ཤུགས་འབུལ་བར་རེ་བ་བྱེད་ཀྱིན་ཡོད་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།