ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྟེང་ཞུགས་པའི་ཕྱི་ཕྱོགས་ཀྱི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་དང་སྐུ་མགྲོན་རྣམས་ལ་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཞུགས་པ་དང་རིག་རྩལ་འཁྲབ་སྟོན་ལ་བལྟས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

77d6b3fe8d548d9bc25054320cf885f5.jpg

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཐོ་རིམ་གླེང་སྟེགས་སྟེང་གདན་དྲངས་པའི་ཕྱི་ཕྱོགས་རྒྱལ་ཁབ་ཀྱི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་དང་བཟའ་ཟླར་དགའ་བསུའི་གསོལ་སྟོན་བཤམས་པར་མ་ཟད། རིག་རྩལ་འཁྲབ་སྟོན་ལ་མཉམ་གཟིགས་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅུ་བཞི་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་གསོལ་སྟོན་བཤམས་པར་མ་ཟད། རྒྱལ་ཁབ་ཟློས་གར་ཁང་ཆེན་མོའི་ནང་དུ་རིག་རྩལ་འཁྲབ་སྟོན་གྱི་བྱ་འགུལ་སྤེལ་ཏེ། རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྟེང་ཞུགས་པའི་ཕྱི་ཕྱོགས་ཀྱི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་དང་སྐུ་མགྲོན་རྣམས་ལ་དགའ་བསུ་ཞུས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཐེངས་འདིའི་མཛད་སྒོར་ཞུགས།

དགོང་མོའི་དུས་ཚོད་དྲུག་གི་སྟེང་དུ། མཐོ་རིམ་གླེང་སྟེགས་མགོ་ཁྲིད་མི་སྣའི་སྒོར་ཅོག་མཐོ་རིམ་གྲོས་ཚོགས་དང་རིམ་པ་མཐོ་བའི་གྲོས་ཚོགས་སྟེང་ཞུགས་པའི་མགོ་ཁྲིད་གཙོ་བོ་དང་། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་མི་སྣ། བཟའ་ཟླ་བཅས་རིམ་པ་བཞིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་འབྱོར།

ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གཉིས་ཀྱིས་ཚོགས་ཆེན་ཚོམས་ཁང་གི་ཉིས་ཐོག་གི་སྣེ་ལེན་ཁང་ནས་སྐུ་མགྲོན་རྣམས་དང་ལག་འཇུ་བྱས་ཏེ་ཕན་ཚུན་ལ་གུས་འདུད་དང་འཚམས་འདྲི་བྱས། ལྡེབས་རིས་ཆེན་མོ་རི་ཆུ་ཇི་འདྲའི་མཚར་སྡུག་རྫོགས་པ་ལ་ཞེས་པའི་སྔུན་ནས། ཞི་ཅིན་ཕིང་དང་ཕིན་ལིས་ཡོན་གཉིས་ཀྱིས་ཕྱི་ཕྱོགས་ཀྱི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་དང་བཟའ་ཟླ་དང་ལྷན་དུ་མཉམ་པར་བསྐྱོན་ནས་དྲན་རྟེན་དུ་ཉར།

མི་དམངས་ཚོགས་ཁང་ཆེན་མོའི་གསོལ་སྟོན་ཁང་དུ་རོལ་དབྱངས་བསྐྱིལ་ཞིང་མེ་ཏོག་གི་འདབ་བརྒྱ་རྣམ་པར་བཞད། སྙན་འཇེབས་ལྡན་པའི་སྣེ་ལེན་རོལ་དབྱངས་ཀྱི་འགྲོས་དང་བསྡོངས་ནས། ཞི་ཅིན་ཕིང་དང་ཕིན་ལིས་ཡོན་གཉིས་སྐུ་མགྲོན་རྣམས་དང་ལྷན་དུ་གསོལ་སྟོན་ཁང་དུ་ཆས།

ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་བྱས་ཏེ་སྐུ་མགྲོན་རྣམས་ཕེབས་པར་དགའ་བསུའི་ཤིས་ཚིག་ཕུལ། ཞི་ཅིན་ཕིང་གིས་བསྟན་དོན། པེ་ཅིན་ནི་ལོ་ངོ་སྟོང་གི་གནའ་མཁར་ཡིན་པ་དང་། ལོ་རྒྱུས་ཀྱི་དར་རྒུད་དང་འགྱུར་ལྡོག་ཅི་རིགས་ཀྱི་དཔང་པོ་ཡིན། པེ་ཅིན་ནི་དེང་རབས་ཀྱི་གྲོང་ཁྱེར་གསར་བ་ཞིག་ཡིན་ཞིང་། ཀྲུང་གོའི་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་རྣམ་པ་གསར་བ་ངོམ་བཞིན་ཡོད། པེ་ཅིན་ནི་རྒྱལ་སྤྱི་ཅན་གྱི་གྲོང་ཁྱེར་ཆེན་པོ་ཞིག་ཡིན་པ་དང་། ཤར་ནུབ་ཀྱི་རིག་གནས་དུས་སྐབས་སོ་སོར་གནས་འདི་ནས་སིམ་འདྲེས་བྱུང་མྱོང་ཡོད། པེ་ཅིན་ནི་སྔར་གྱི་ལོ་རྒྱུས་སྟེང་གི་གྲོང་མཁར་ཆུང་ངུ་ནས་ད་ལྟའི་རྒྱལ་སྤྱི་ཅན་གྱི་གྲོང་ཁྱེར་ཆེན་པོར་གྱུར་ཡོད་ཅིང་། དེས་ང་ཚོར་གནས་ལུགས་འདི་འདྲ་ཞིག་གི་གསལ་སྟོན་བཤམས་ཡོད་དེ། མི་རིགས་ཁྱིམ་ཚང་གཅིག་གི་ནང་དུ་འཚོ་བ་རོལ་བཞིན་པ་དང་མི་རིགས་ལ་ཐུན་མོང་གི་ལས་དབང་ལྡན་པར་མ་ཟད། མི་རིགས་ཀྱི་ལོ་རྒྱུས་ནི་ཐོག་མཐའ་བར་གསུམ་ཀུན་ཏུ་མི་རིགས་མི་འདྲ་བ་དང་རིག་གནས་མི་འདྲ་བའི་སིམ་འདྲེས་ཁྲོད་དུ་ད་གཟོད་མདུན་ནས་མདུན་དུ་འཕེལ་རྒྱས་ཕྱིན་པ་ར་སྤྲད་ཡོད་ཟེར།

ཞི་ཅིན་ཕིང་གིས་བཤད་རྒྱུར། ལོ་ངོ་སྟོང་གཉིས་ཀྱི་ཡར་སྔོན་ལ། ང་ཚོའི་སྔོན་རབས་པ་རྣམས་ཀྱིས་མཛའ་མཐུན་འགྲོ་འོང་གི་རེ་འདུན་ཟབ་མོ་ཐུགས་ལ་བཅངས་ནས། གནའ་བོའི་དར་གོས་ཚོང་ལམ་བཏོད་དེ། མིའི་རིགས་ཀྱི་རིག་གནས་ལོ་རྒྱུས་སྟེང་གི་སིམ་འདྲེས་ཆེན་མོའི་དུས་སྐབས་གསར་བ་ཕྱེས། དེ་རིང་། ང་ཚོས་གནའ་བོའི་དར་གོས་ཚོང་ལམ་གྱི་སྙིང་སྟོབས་དར་སྤེལ་རྒྱུད་འཛིན་དང་། མཉམ་དུ་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱ་བར་གྲོས་མོལ་བྱེད་རྒྱུ་ནི། ལོ་རྒྱུས་འཕེལ་ཕྱོགས་ཀྱི་རྒྱུན་མཐུད་ཅིག་ཡིན་པར་མ་ཟད། མ་འོངས་པར་ཁ་ཕྱོགས་པའི་གདམ་ཀ་ཡང་དག་ཀྱང་ཡིན་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱིས་ང་ཚོས་རིག་གནས་བརྗེ་རེས་ལ་བཅངས་པའི་རེ་བ་བཏེགས་ཡོད་ཅིང་། མི་རིགས་ཀྱི་དཔལ་ཡོན་སྔར་ལས་རྣམ་པར་བཞད་དུ་འཇུག་རྒྱུ་ཡིན་པ་དང་། དེས་ང་ཚོས་ཞི་བདེ་བདེ་སྡོད་ལ་བཅངས་པའི་རེ་ལྟོས་བཏེགས་ཡོད་པས། རྒྱལ་ཁབ་སོ་སོས་འཆམ་མཐུན་ཁྱིམ་གཞིས་བསྐྲུན་དུ་བཅུག་སྟེ། ཞི་བདེ་འཛམ་གླིང་འཛུགས་སྐྲུན་བྱེད་རྒྱུ་རེད། དེ་མིན་ད་དུང་དེས་ང་ཚོའི་ཐུན་མོང་འཕེལ་རྒྱས་ཀྱི་འཚོལ་སྙེག་རུམ་ཡོད་ཅིང་། རྒྱལ་ཁབ་སོ་སོའི་ཐུན་མོང་གི་འཕེལ་རྒྱས་ཕུང་བོ་བསྐྲུན་པར་འབད་རྒྱུ་རེད། དེས་ང་ཚོའི་འཚོ་བ་བཟང་བོའི་རེ་སྙེག་རུམ་ནས། ཕུགས་བསམ་དོན་སྨིན་འབྱུང་དུ་འཇུག་པ་དང་མི་དམངས་བདེ་སྐྱིད་བདེ་ཐང་ཡོང་བར་བྱེད་རྒྱུ་རེད་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ང་ཚོ་ནི་རེ་བས་ཁེངས་པའི་ལམ་བུ་ཞིག་གི་སྟེང་བསྐྱོད་བཞིན་ཡོད། ང་ཚོ་དཔུང་བ་མཉམ་གཤིབ་དང་མི་སེམས་གཅིག་སྦྲེལ། ཕྱི་ནུར་མེད་པ། མཚམས་འཇོག་མེད་པ་བཅས་ཀྱི་སྒོ་ནས་མདུན་སྐྱོད་བྱས་པ་ཡིན་ན། ང་ཚོའི་ལས་དོན་ནི་གནའ་བོའི་དར་གོས་ཚོང་ལམ་ནང་བཞིན་མི་རབས་ནས་མི་རབས་སུ་གནས་ཐུབ་ཟེར།

གསོལ་སྟོན་གྱི་སྐབས་སུ། སྒོར་ཅོག་མཐོ་རིམ་གྲོས་ཚོགས་སྟེང་ཞུགས་པའི་རྒྱལ་ཁབ་སུམ་ཅུའི་དབྱངས་རྟ་དཀྲོལ་ནས། རྒྱུད་གཅིག་ལམ་གཅིག་ལམ་རྒྱུད་ཀྱི་ས་ཁོངས་མི་འདྲ་བ་སོ་སོའི་རིག་གནས་བརྗེ་རེས་དང་སིམ་འདྲེས་རྣམ་པ་མངོན་པར་བསྟན།

གསོལ་སྟོན་གྲོས་རྗེས། ཞི་ཅིན་ཕིང་དང་ཕིན་ལིས་ཡོན་གཉིས་རྒྱལ་ཁབ་སོ་སོ་ནས་ཕེབས་པའི་སྐུ་མགྲོན་དང་ལྷན་དུ། རྒྱལ་ཁབ་ཟློས་གར་ཁང་ཆེན་མོའི་ནང་དུ་སོང་ནས། ལོ་ངོ་སྟོང་གི་དུས་བཅད་ཅེས་པ་བརྗོད་གཞི་ཡིན་པའི་རིག་རྩལ་འཁྲབ་སྟོན་ལ་གཟིགས།

མ་ཁེ་དང་ཝང་ཧུའུ་ཉིན། ལིག་ཡན་ཏུང་། ལིག་ཆི་པའོ། ཝང་ཡང་། མིན་ཅན་ཀྲུའུ། ལིས་ཀྲན་ཧྲུའུ། གོ་ཅིན་ལུང་། ཡང་ཅིན། ཝང་ཁྲིན། ཡང་ཅེ་ཁྲི། གོ་ཧྲིན་ཁུན། ཝང་ཡུང་། ཝན་ཀང་། ཀྲིག་ཞའོ་ཁྲོན། ལེང་ཀྲིན་དབྱིན་སོགས་གོང་གསལ་བྱ་འགུལ་ལ་ཞུགས།

ཚེས་བཅོ་ལྔ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྟེང་གདན་དྲངས་པའི་ཕྱི་ཕྱོགས་རྒྱལ་ཁབ་ཀྱི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་དང་བཟའ་ཟླ་བཅས་དང་ལྷན་དུ། འཛམ་གླིང་རིག་གནས་ཤུལ་བཞག་སྟེ། གནའ་བོའི་ཕོ་བྲང་གི་བཤམས་སྟོན་ར་བར་སོང་ནས་ལྟ་སྐོར་མཛད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།