ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་མི་དམངས་སློབ་ཆེན་དང་པེ་ཅིང་སློབ་ཆེན། ཆིང་ཧྭ་སློབ་ཆེན་གསུམ་གྱི་བོད་རིགས་སློབ་མ་ཚོས་བོད་ཀྱི་རིག་གནས་དུས་ཆེན་གྱི་བྱེད་སྒོ་སྤེལ་བ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-05-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5བའི་ཚེས13ཉིན། ཀྲུང་གོའི་མི་དམངས་སློབ་ཆེན་དང་པེ་ཅིང་སློབ་ཆེན། ཆིང་ཧྭ་སློབ་ཆེན་གསུམ་གྱི་བོད་རིགས་སློབ་མ་ཚོས2017ལོའི"གར་གྱི་མེས་པའི་རྗེས་ཤུལ་འཚོལ། རེ་བའི་མེ་ཏོག་ལྷུག་པར་གྲོལ"ཞེས་པའི་བོད་ཀྱི་རིག་གནས་དུས་ཆེན་གྱི་བྱེད་སྒོ་ཀྲུང་གོའི་མི་དམངས་སློབ་ཆེན་དུ་སྤེལ་ཞིང་། བྱེད་སྒོ་ཐོག་བོད་ཀྱི་ལྷ་མོ་འཁྲབ་སྟོན་དང་། བོད་རིགས་ས་ཁུལ་གྱི་གྱོན་ཆས་ངོམ་སྟོན། གླུ་གཞས་གཏོང་བ། གར་ཆུང་འཁྲབ་སྟོན། སྒོར་གཞས་འཁྲབ་པ་སོགས་ནས་སློབ་གྲྭ་དེ་གའི་རྒྱ་རིགས་དང་མི་རིགས་གཞན་གྱི་སློབ་མ་ཚོར་བོད་ཀྱི་དམངས་སྲོལ་རིག་གནས་ངོམ་སྟོན་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།