ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་2017ལོའི་ཀྲུང་གོ་ཁྲིན་ཏུའུ་རྒྱལ་སྤྱིའི་ལས་སྐྲུན་སྐྱེད་སྲིང་མཐོ་རིམ་གྲོས་ཚོགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་བཅུ་གཅིག་ཉིན། 2017ལོའི་ཀྲུང་གོ་ཁྲིན་ཏུའུ་རྒྱལ་སྤྱིའི་ལས་སྐྲུན་སྐྱེད་སྲིང་མཐོ་རིམ་གྲོས་ཚོགས་ཟི་ཁྲིན་ཞིང་ཆེན་གྱི་ཁྲིན་ཏུའུ་གྲོང་ཁྱེར་ནས་བསྡུས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཐོ་རིམ་གྲོས་ཚོགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བཏང་།

ལིས་ཁི་ཆང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་གསུངས་རྒྱུར། ལས་སྐྲུན་སྐྱེད་སྲིང་ནི་ཚན་རྩལ་ཅན་གྱི་ཁེ་ལས་འབྲིང་ཆུང་སྐྱེད་སྲིང་བྱེད་པ་དང་། མྱུར་དུ་ཚན་རྩལ་གྲུབ་འབྲས་སུ་སྒྱུར་བ་དང་། རོགས་ལས་གསར་གཏོད་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བྱེད་ཐབས་གཙོ་བོ་ཡིན། ལོ་ངོ་སུམ་ཅུའི་རིང་ལ། ཀྲུང་གོའི་ལས་སྐྲུན་སྐྱེད་སྲིང་བྱ་བ་དེ་མེད་པ་ནས་ཡོད་པའི་བར་དང་། ཆུང་བ་ནས་ཆེ་བའི་བར་དུ་ཐོག་མར་སྐྲུན་པའི་ཁེ་ལས་འབུམ་བཞི་ལྷག་སྔ་གཞུག་ཏུ་བསྡུ་ལེན་བྱས་པ་དང་དེར་ཞབས་ཕྱི་བསྒྲུབས་པ་དང་། ལས་ཞུགས་མི་སྣ་ས་ཡ་གཉིས་ལྷག་སྣེ་ཁྲིད་བྱས་པར་མ་ཟད། གསར་གཏོད་ལས་སྐྲུན་དང་། ལས་ཞུགས་བཅས་ཟུང་འབྲེལ་བཟང་བོ་དང་འཁོར་རྒྱུག་བཟང་བོ་བྱེད་པར་མངོན་འགྱུར་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། དེང་སྐབས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་དེ་སྒུལ་ནུས་གསར་རྙིང་བརྗེ་སྤོར་དང་དཔལ་འབྱོར་སྒྲིག་གཞི་རིམ་སྤོར་བྱེད་པའི་གནད་འགག་གི་དུས་སུ་བསླེབས་ཡོད་པས། ང་ཚོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་། གསར་གཏོད་ཡར་སྐུལ་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཟབ་མོ་བྱས་ནས། ལས་སྐྲུན་སྐྱེད་སྲིང་བྱ་བའི་ཁོར་ཡུག་སྔར་ལས་བཟང་བོ་སྐྲུན་པ་དང་། དམངས་ཀྱིས་བྱ་བཞག་སྐྲུན་པ་དང་ཀུན་གྱིས་ལས་སྐྲུན་བྱེད་པའི་བྱ་བ་བཟང་བོར་བསྒྲུབས་ཏེ། ཁེ་ལས་ཆེ་འབྲིང་ཆུང་གསུམ་འཆམ་མཐུན་སྒོས་འཕེལ་རྒྱས་སུ་གཏོང་བ་དང་ཐོན་ཁུངས་དང་ཁེ་ཕན་མཉམ་སྤྱོད་བྱེད་པའི་རྣམ་པ་གསར་བའི་ཐོན་ལས་སྐྱེ་དངོས་འཛུགས་སྐྲུན་བྱེད་དགོས། ཀྲུང་གོས་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་བར་སྔར་ལས་མཉམ་ལས་དམ་པོ་བྱས་ནས། གསར་གཏོད་སྟོབས་ཤུགས་ཆགས་པར་བྱས་ཏེ། འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་སྒུལ་ཤུགས་གསར་བ་སྣོན་འདོད་ཡོད་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།