ཀྲུང་གོ་བོད་ཀྱི་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་སྤྱིའི་རྩོམ་སྒྲིག་པ་ཧི་ཕིང་གིས་ཧྥི་ལི་ཕིན་གྱི་གསར་འགྱུར་པུའུ་ཀྲང་མཱ་ཏིན་ཨན་ཏ་ན་ཨར་ལ་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

何平会见菲律宾新闻部长马丁·安达纳尔.jpg

ཟླ་ལྔ་བའི་ཚེས་ལྔ་ཉིན། ཞིན་ཧྭ་གསར་འགྱུར་ཁང་གི་སྤྱིའི་རྩོམ་སྒྲིག་པ་ཧི་ཕིང་གིས་པེ་ཅིན་ནས་ཧྥི་ལི་ཕིན་གྱི་གསར་འགྱུར་པུའུ་ཀྲང་མཱ་ཏིན་ཨན་ཏ་ན་ཨར་ལ་ཐུག་འཕྲད་བྱས།  

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཞིན་ཧྭ་གསར་འགྱུར་ཁང་གི་སྤྱིའི་རྩོམ་སྒྲིག་པ་ཧི་ཕིང་གིས་ཚེས་ལྔ་ཉིན་པེ་ཅིན་ནས་ཧྥི་ལི་ཕིན་གྱི་གསར་འགྱུར་པུའུ་ཀྲང་མཱ་ཏིན་ཨན་ཏ་ན་ཨར་ལ་ཐུག་འཕྲད་བྱས།

ཧི་ཕིང་གིས་བཤད་རྒྱུར། ཞིན་ཧྭ་གསར་འགྱུར་ཁང་གིས་ཧྥི་ལི་ཕིན་འཕྲིན་གཏོང་ཁང་དང་བཅས་པའི་ཧྥི་ལི་ཕིན་གྱི་གསར་འགྱུར་ལས་ཁུངས་བར་མཉམ་ལས་དང་བརྗེ་རེས་བཟང་བོ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། ཀྲུང་གོ་དང་ཧྥི་ལི་ཕིན་བར་གྱི་ཁྱིམ་མཚེས་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་མཉམ་དུ་འབད་བརྩོན་བྱེད་འདོད་ཡོད་ཟེར།

ཨན་ཏ་ན་ཨར་གྱིས་བཤད་རྒྱུར། ཧྥི་ལི་ཕིན་གསར་འགྱུར་པུའུ་ཡིས་ཞིན་ཧྭ་གསར་འགྱུར་ཁང་བར་གྱི་བརྗེ་རེས་དང་མཉམ་ལས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཧྥི་ལི་ཕིན་གསར་འགྱུར་ལས་ཁུངས་དང་ཞིན་ཧྭ་གསར་འགྱུར་ཁང་བར་གྱི་མཉམ་ལས་ལ་ཤུགས་སྣོན་པར་ཧུར་ཐག་སྒོས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།