ཀྲུང་གོ་བོད་ཀྱི་དྲ་བ།

\"ལྔ་གཅིག\"དུས་ཆེན་རིང་རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་སྤྱིའི་ཆ་ནས་བརྟན་པོ་དང་གོ་རིམ་ལྡན་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-05-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5ཚེས1ཉིན་སྤྱི་བདེ་པུའུ་ཡི་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་ཚེས1ཉིན"ལྔ་གཅིག"དུས་ཆེན་རིང་རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་སྤྱིའི་ཆ་ནས་བརྟན་པོ་དང་གོ་རིམ་ལྡན་པ་ཡིན་ཚུལ་ཡོངས་བསྒྲགས་བྱས་པ་དང་། དུས་ཆེན་གྱི་རིང་ལ་རྒྱལ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་གཙོ་བོ་དང་། ཞིང་ཆེན་རིམ་པའི་གཞུང་ལམ་གྱི་སྒྲིག་ལམ་རྒྱུན་ལྡན་བཞིན་བྱུང་ཏེ། ཡུལ་དུས་དང་། ཁྱབ་ཁོངས་ཀྱི་འགྲིམ་འགྲུལ་འགག་ཚུལ་ཆེན་པོ་ཐོན་མེད་ཚུལ་ཡོངས་བསྒྲགས་བྱེད་པ་རེད། 

"ལྔ་གཅིག"དུས་ཆེན་རིང་བགྲོད་ལམ་གྱི་འགྲིམ་འགྲུལ་བདེ་འཇགས་ལ་འགན་ལེན་བྱ་ཕྱིར། རྒྱལ་ཡོངས་ཀྱི་སྤྱི་བདེ་འགྲིམ་འགྲུལ་སྡེ་ཁག་གིས་འགྲིམ་འགྲུལ་ཉེན་རྟོག་ས་ཚིགས3500སུ་གནས་སྐབས་འགན་སྲུང་བྱེད་གནས8200ཙམ་བཙུགས་པ་དང་། ཉེན་རྟོག་པ་ཐེངས་གྲངས་ཁྲི50ལྷག་ཙམ་དོན་པ། ཉེན་རྟོག་རླངས་འཁོར་ཐེངས་གྲངས་ཁྲི21དོན་ཡོད་པ་རེད། སློབ་སྟོན་ས་ཚིགས་ཁྲི15ལྷག་ཙམ་བཙུགས་པ་དང་། འགྲིམ་འགྲུལ་ཁྲིམས་འགལ་སྐོར་གྱི་ཁ་ཏ་སློབ་སྟོན་ཐེངས་གྲངས་ཁྲི40ཙམ་བྱས་པ་རེད།

ཟླ5ཚེས1ཉིན་གྱི་ཆུ་ཚོད17པ་བར་དུ། རྒྱལ་ཡོངས་སུ་མི་རྨས་སྐྱོན་ཕོག་པའི་འགྲིམ་འགྲུལ་དང་། ཤི་སྐྱོན་བྱུང་གྲངས། རྨས་སྐྱོན་བྱུང་གྲངས། ཐད་ཀའི་དཔལ་འབྱོར་གྱོང་གུད་བྱུང་གྲངས་བཅས་ཀྱི་དོན་རྐྱེན་དུས་མཉམ་ལས་སོ་སོར38.2%  34.6 %  39.3%བཅས་དང་12.0%བཅས་ཆག་པ་དང་། དེའི་ཁྲོད་ནས་དོན་རྐྱེན་ཆེ་གྲས་8བྱུང་ནའང་དུས་མཉམ་ལས4ཆག་པས། 33.3%ཆག་ཡོད། ས་གནས་ཁག་གིས་འགྲུལ་སྐྱེལ་རླངས་འཁོར་དུ་མི་འཐོལ་པ་བྱུགས་པའི་ཁྲིམས་འགལ་བྱ་སྤྱོད་ཁག4924བྱུང་བ་དང་། ཆང་རག་བཏུང་ནས་རླངས་འཁོར་བཏང་བའི་བྱ་སྤྱོད8071བྱུང་བ། ངལ་དུབ་ཆེའང་རླངས་འཁོར་བཏང་བའི་བྱ་སྤྱོད6560བྱུང་བ། བྲེལ་ལམ་བཀག་པའི་ཁྲིམས་འགལ་བྱ་སྤྱོད1923བཅས་བྱུང་བ་རེད། 

དུས་མཚུངས་རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་བདེ་འཇགས་དོ་དམ་སྡེ་ཚན་གྱིས་གསར་གཏོད་ཀྱི་རྣམ་པའི་ཐོག་ནས། གསར་འགྱུར་སྨྱན་སྦྱོར་ལས་སྟེགས་སོགས་པ་བརྒྱུད་དེ། འདུ་ལོང་ཆེ་བའི་མཛེས་ལྗོངས་ཁུལ་དང་མྱུར་བགྲོད་གཞུང་ལམ་གཙོ་གནད་ཀྱི་ལམ་རིན་བསྡུ་བའི་ས་ཚིགས། ལམ་འགྲུལ་འགག་ཉེན་ཆེ་བའི་ཉེ་འཁོར་ཐད་སྟོན་བྱས་པས། མྱུར་བགྲོད་གཞུང་ལམ་དང་རྒྱལ་ཁབ་ཀྱི་ཞིང་ཆེན་རིམ་པའི་གཞུང་ལམ་གྱི་འགྲིམ་འགྲུལ་གནས་ཚུལ། ཡུལ་སྐོར་ཉེ་འཁོར་ལམ་བུའི་འགྲིམ་འགྲུལ་འབོར་གྲངས་དང་རླངས་འཁོར་འཇོག་གནས་སོགས་པའི་གནས་འཕྲིན་དུས་ཐོག་ཏུ་བསྟན་པ་དང་། བདེ་འཇགས་ཐོག་འགྲུལ་བཞུད་ཀྱི་ཤེས་བྱ་གསལ་འགྲེལ་བྱས་པ། ཡ་རབས་འགྲུལ་བཞུད་ལྟ་བ་དྲིལ་བསྒྲགས་བཅས་བྱས་པ་རེད། 

བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་སྡེ་ཁག160ལྷག་ཙམ་གྱིས་ཐད་སྟོན་བྱེད་ཐེངས200ལྷག་ཙམ་བྱས་ཤིང་། གཟིགས་མཁན་ཐེངས་གྲངས་ཁྲི2000ལས་བརྒལ་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།