ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་ཁྱབ་སྒྲོག་འགྲེམ་སྤེལ་བྱས་ཏེ། ཉིས་སྟོང་བཅུ་དྲུག་ལོར་སྲིད་ཇུས་དང་བྱེད་ཐབས་གལ་ཆེན་དངོས་འབེབས་བྱས་ནས་གྲུབ་འབྲས་མངོན་གསལ་བླངས་པའི་ས་ཁུལ་ལ་གཟེངས་བསྟོད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་ཁྱབ་སྒྲོག་འགྲེམ་སྤེལ་བྱས་ཏེ། ཉིས་སྟོང་བཅུ་དྲུག་ལོར་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་འོས་འཚམ་སྒོས་སྤྱིའི་དགོས་མཁོ་རྒྱ་སྐྱེད་པ། གསར་སྐྲུན་ཡར་སྐུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པ་སོགས་ཀྱི་འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་དངོས་འབེབས་བྱེད་པ་དང་། ནན་ཏན་སྒོས་བྱ་བ་སྒྲུབ་ནས་གྲུབ་འབྲས་མངོན་གསལ་བླངས་པའི་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར། ཏིས། ཁུལ། རྫོང་བཅས་ཉེར་དྲུག་ལ་གཟེངས་བསྟོད་བྱས་པར་མ་ཟད་བྱེད་ཐབས་ཉེར་བཞི་བཏོན་ནས་སྐུལ་མ་བཏང་བ་དང་རྒྱབ་སྐྱོར་བྱས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།