ཀྲུང་གོ་བོད་ཀྱི་དྲ་བ།

མིན་ཅན་ཀྲུའུ་ཡིས་རྒྱལ་ཡོངས་ཁྲིམས་འཛིན་ཁོངས་གཏོགས་ཀྱི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་བྱ་བ་སྒྲུབ་མཁན། ངལ་རྩོལ་དཔེ་ལེགས་ཅན་གྱི་འཐུས་མི་བཅས་དང་བཞུགས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་མིན་ཅན་ཀྲུའུ་ཡིས་ཟླ་བཞི་བའི་ཚེས་ཉེར་བདུན་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟེངས་བསྟོད་ཐོབ་པའི་རྒྱལ་ཡོངས་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་བྱ་བ་སྒྲུབ་མཁན། ངལ་རྩོལ་དཔེ་ལེགས་ཅན་གྱི་འཐུས་མི་བཅས་དང་བཞུགས་མོལ་བྱས། ཁོས་རྒྱལ་ཡོངས་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས། སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར། ངལ་རྩོལ་དཔེ་ལེགས་ཅན་བཅས་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་ཡོངས་ཁྱབ་ཏུ་སྤེལ་ནས། ཏང་ལ་བློ་དཀར་བ་དང་། ཁག་ཁུར་བྱེད་ཕོད་པ། མང་ཚོགས་སེམས་སུ་འཛིན་པ། ཡར་རྒྱས་བརྩོན་ལེན་བཅས་བྱས་ཏེ། ཁྲིམས་འཛིན་སྲིད་འཛིན་གྱི་འགན་འཁྲི་ལག་བསྟར་ནན་མོ་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་ནུས་ལྡན་ཀྱི་ཁྲིམས་ལུགས་ཞབས་ཕྱི་དང་འགན་སྲུང་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་བསྟན།

མིན་ཅན་ཀྲུའུ་ཡིས་བཤད་རྒྱུར། ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ནི་རྒྱལ་ཁབ་སྲིད་དབང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ལངས་ཕྱོགས་གསལ་བོའི་སྒོ་ནས་ཆབ་སྲིད་སྐྱོང་བ་དང་། དུས་དང་རྣམ་པ་ཀུན་དུ་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས། སྤྱི་པའི་ཁྲིམས་ལུགས་ཞབས་ཕྱིའི་མ་ལག་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་ལས་ཞབས་ཕྱི་བཟང་བོ་སྒྲུབ་པ་དང་། དམངས་ཚིས་ལ་སྔར་ལས་ཞབས་ཕྱི་བཟང་བོ་སྒྲུབ་དགོས། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་ཁྲིམས་འཛིན་སྲིད་འཛིན་ཕྱོགས་ཀྱི་བཅོས་སྒྱུར་ཡིག་ཆ་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། ཁྲིམས་འཛིན་སྲིད་འཛིན་བྱ་བའི་བཅོས་སྒྱུར་དང་གསར་གཏོད་ལ་སྐུལ་འདེད་གཏོང་དགོས་ཟེར།

ཀའོ་ཧྲིན་ཁུང་བཞུགས་མོལ་ཚོགས་འདུར་ཞུགས། །


རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།