ཀྲུང་གོ་བོད་ཀྱི་དྲ་བ།

གོ་ཧྲིན་ཁུན་གྱིས་ཨུ་རུ་སི་དཀར་པོའི་མགྲོན་པོར་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་ཨུ་ཡོན། སྤྱི་བདེ་པུའུ་ཡི་པུའུ་ཀྲང་གོ་ཧྲིན་ཁུན་གྱིས་ཚེས་ཉེར་བཞི་ཉིན་པེ་ཅིན་ནས་ཨུ་རུ་སི་དཀར་པོའི་བདེ་འཇགས་གྲོས་ཚོགས་ཀྱི་རྒྱལ་སྲིད་དྲུང་ཡིག་རྒྱལ་སྲིད་ཨུ་ཡོན། སྤྱི་བདེ་པུའུ་ཡི་པུའུ་ཀྲང་གོ་ཧྲིན་ཁུན་གྱིས་ཚེས་ཉེར་བཞི་ཉིན་པེ་ཅིན་ནས་ཨུ་རུ་སི་དཀར་པོའི་བདེ་འཇགས་གྲོས་ཚོགས་ཀྱི་རྒྱལ་སྲིད་དྲུང་ཡིག་ཀྲ་ཞི་ལ་ཐུག་འཕྲད་བྱས།་ལ་ཐུག་འཕྲད་བྱས།

གོ་ཧྲིན་ཁུན་གྱིས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོ་བར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ལྟ་བའི་མཛུབ་ཁྲིད་འོག འཇིགས་སྐུལ་རིང་ལུགས་དང་རྒྱལ་ཁོངས་བརྒལ་བའི་རྩ་འཛུགས་ཀྱི་ནག་ཉེས་བཟོ་བ། དྲ་རྒྱར་བརྟེན་ནས་ནག་ཉེས་བཟོ་བར་ཆབ་ཕབ་གཏོང་བ། ཀྲུང་གོ་དང་ཨུ་རུ་སི་དཀར་པོ་གཉིས་ཀྱི་བཟོ་ལས་ས་ཁུལ་འཛུགས་སྐྲུན་སོགས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་ལས་གཞི་བདེ་འཇགས་སྲུང་སྐྱོབ། ཉེན་རྟོག་ལས་དོན་ལག་རྩལ་སོགས་ཐད་ཀྱི་མཉམ་ལས་ལ་སྔར་ལས་ཤུགས་བསྣན་ཏེ། མྱུར་དུ་དངོས་གཉེར་མཉམ་ལས་ཀྱི་གྲུབ་འབྲས་སྔར་ལས་མང་པོ་ལེན་པར་བྱས་ནས། རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་བདེ་འཇགས་དང་བརྟན་འཇགས་ཡོང་བར་སྲུང་སྐྱོབ་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་ཞབས་ཕྱི་སྒྲུབ་དགོས་ཟེར། 

ཀྲ་ཞི་ཡིས་ཀྲུང་གོ་ཕྱོགས་དང་ཁྲིམས་འཛིན་བདེ་འཇགས་དངོས་གཉེར་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་བསྐྱེད་དེ། མཉམ་དུ་འཇིགས་སྐུལ་དང་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་འཇལ་འདོད་ཡོད་པའི་ཚུལ་བསྟན།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།