ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས«མགོ་ཁྲིད་ལས་བྱེད་པས་རང་གི་འབྲེལ་ཡོད་དོན་དག་ཡར་ཞུ་བྱེད་པའི་གཏན་འཁེལ»དང«མགོ་ཁྲིད་ལས་བྱེད་པའི་རང་གི་འབྲེལ་ཡོད་དོན་དག་ཞིབ་དཔྱད་མཇུག་འབྲས་ཐག་གཅོད་བྱེད་ཐབས»དཔར་ནས་བཀྲམ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས«མགོ་ཁྲིད་ལས་བྱེད་པས་རང་གི་འབྲེལ་ཡོད་དོན་དག་ཡར་ཞུ་བྱེད་པའི་གཏན་འཁེལ»དང«མགོ་ཁྲིད་ལས་བྱེད་པའི་རང་གི་འབྲེལ་ཡོད་དོན་དག་ཞིབ་དཔྱད་མཇུག་འབྲས་ཐག་གཅོད་བྱེད་ཐབས»དཔར་ནས་བཀྲམ་པར་མ་ཟད་བརྡ་ཐོ་བཏང་སྟེ་རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་དེ་ལག་བསྟར་ནན་མོ་བྱེད་དགོས་པའི་རེ་བ་བཏོན།

བརྡ་ཐོ་ལས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་གཏན་འཁེལ་དང་བྱེད་ཐབས་གཉིས་ལག་ལེན་མཐར་ཕྱིན་བྱེད་པ་དེ་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འགན་འཁྲི་གཙོ་བོ་ལག་བསྟར་བྱེད་པའི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཉིན་རེའི་གྲོས་རིམ་ནང་དུ་འཇོག་པ་དང་། རྩ་འཛུགས་དང་མགོ་ཁྲིད་ལ་ཤུགས་བསྣན་ཏེ། སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བཅས་ཀྱི་བྱ་བ་བཟང་བོར་སྒྲུབ་དགོས། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པ་དང་ཁྱད་པར་དུ་མཐོ་རིམ་ལས་བྱེད་པས་སྣེ་ཁྲིད་དེ་ལག་བསྟར་བྱེད་དགོས་ལ། སྒྲིག་ལམ་འདུ་ཤེས་དང་། སྒྲིག་སྲོལ་འདུ་ཤེས། རྩ་འཛུགས་འདུ་ཤེས་བཅས་ཇེ་དྲག་ཏུ་བཏང་སྟེ། ཏང་ལ་བློ་དཀར་བའི་ལས་བྱེད་པ་བཟང་བོ་ཞིག་བྱེད་དགོས་པར་མ་ཟད། ངེས་པར་དུ་གཏན་འཁེལ་གྱི་རེ་བ་ལྟར་རང་གི་འབྲེལ་ཡོད་དོན་དག་ཇི་མ་ཇི་བཞིན་དུ་ཡར་ཞུ་བྱས་ནས། རང་རྟོགས་སྒོས་རྩ་འཛུགས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།