ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཀའོ་ལིས་ཀྱིས་ཨར་པ་ནི་ཡར་འཚམས་འདྲི་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 

张高丽访问阿尔巴尼亚 1.bmp

ཟླ་བཞི་བའི་ཚེས་བཅུ་བདུན་ཉིན། གདན་དྲངས་པ་ལྟར་ཨར་པ་ནི་ཡར་འཚམས་འདྲིར་སོང་བའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཐི་ར་ན་ནས་ཨར་པ་ནི་ཡའི་ཙུང་ཐུང་ཉི་ཧྲ་ཉི་ལ་མཇལ་འཕྲད་གནང་། 

张高丽访问阿尔巴尼亚 2.bmp

ཟླ་བཞི་བའི་ཚེས་བཅུ་བདུན་ཉིན། གདན་དྲངས་པ་ལྟར་ཨར་པ་ནི་ཡར་འཚམས་འདྲིར་སོང་བའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཐི་ར་ན་ནས་ཨར་པ་ནི་ཡའི་ཙུང་ཐུང་ཉི་ཧྲ་ཉི་ལ་མཇལ་འཕྲད་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  གདན་དྲངས་པ་ལྟར་ཨར་པ་ནི་ཡར་འཚམས་འདྲིར་སོང་བའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཚེས་བཅུ་བདུན་ཉིན་ཐི་ར་ན་ནས་ཨར་པ་ནི་ཡའི་ཙུང་ཐུང་ཉི་ཧྲ་ཉི་ལ་མཇལ་འཕྲད་གནང་། ཀྲང་ཀའོ་ལིས་ཀྱིས་གསུངས་རྒྱུར། ཀྲུང་གོ་དང་ཨར་པ་ནི་ཡ་རྒྱལ་ཁབ་གཉིས་བར་སྲོལ་རྒྱུན་མཛའ་མཐུན་ལྡན་པ་དང་། ཨར་པ་ནི་ཡ་ནི་ཀྲུང་གོ་གསར་བ་དང་འབྲེལ་བ་བཙུགས་པ་ཆེས་སྔ་བའི་རྒྱལ་ཁབ་ནང་གི་གཅིག་ཡིན། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་དང་ཨར་པ་ནི་ཡ་གཉིས་ཀྱི་འབྲེལ་བ་བརྟན་འཇགས་དང་བདེ་བླག་ངང་འཕེལ་རྒྱས་སུ་སོང་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་བར་གྱི་འགྲོ་འོང་ཇེ་དམ་དུ་སོང་བ་དང་། ཕན་ཚུན་བར་ཆབ་སྲིད་ཐད་ནས་རྒྱུན་ཆད་མེད་པར་ཡིད་ཆེས་དམ་པོ་བྱེད་པ། དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་། མི་གཞུང་བཅས་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨར་པ་ནི་ཡ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་བར་གྱི་སྲོལ་རྒྱུན་མཛའ་བཤེས་ཇེ་བརྟན་དུ་གཏོང་བ་དང་། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་གནད་དོན་གལ་ཆེན་ལ་བརྩི་འཇོག་དང་ལྟ་རྟོག་བྱས་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཉི་ཧྲ་ཉི་ཡིས་བཤད་རྒྱུར། ཨར་པ་ནི་ཡ་ཕྱོགས་ཀྱིས་ཀྲུང་གོ་བར་མཛའ་མཐུན་དང་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་སྒོས་ལག་བསྟར་བྱེད་རྒྱུ་ཡིན་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་བར་གྱི་འགྲོ་འོང་དང་ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་ལ་སྔར་ལས་ཤུགས་བསྣན་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བ་ཆུ་ཚད་སྔར་ལས་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཉིན་དེར། ཀྲང་ཀའོ་ལིས་ཀྱིས་ད་རུང་ཨར་པ་ནི་ཡའི་ཙུང་ལི་ལ་མ་དང་གྲོས་མོལ་མཛད། ཀྲང་ཀའོ་ལིས་ཀྱིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཨར་པ་ནི་ཡ་ཕྱོགས་དང་འཕེལ་རྒྱས་འཐབ་ཇུས་འབྲེལ་འདྲིས་བྱེད་པ་དང་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་ཤུགས་བསྣན་ཏེ། མཉམ་ལས་ཀྱི་བསམ་ཕྱོགས་དང་མཉམ་ལས་ཀྱི་ཁོར་ཡུག མཉམ་ལས་ཀྱི་ལམ་ལུགས། མཉམ་ལས་བྱེད་སྟངས། མཉམ་ལས་ལས་གཞི། མཉམ་ལས་གྲུབ་འབྲས་བཅས་ཐད་ལ་ཞིབ་འཇུག་དང་གྲོས་བསྡུར་བྱས་ནས། མཉམ་ལས་ཀྱི་ཁེ་ཕན་རྒྱ་བསྐྱེད་དེ། མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བར་བྱེད་དགོས་ཟེར།

ལ་མ་ཡིས་བཤད་རྒྱུར། ཨར་པ་ནི་ཡ་དང་ཀྲུང་གོ་རྒྱལ་ཁབ་གཉིས་བར་སྲོལ་རྒྱུན་མཛའ་བཤེས་ཟབ་མོ་ལྡན། ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཐེངས་འདིར་འཚམས་འདྲི་ཡོང་བ་དེ་ཕྱོགས་གཉིས་ཀྱི་འབྲེལ་བའི་མ་འོང་བའི་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་ངེས་ཡིན། ཨར་པ་ནི་ཡ་ཕྱོགས་ཀྱིས་ཀྲུང་གོ་བར་གྱི་མཉམ་ལས་ལ་རེ་སྒུག་ཆེན་པོ་བྱས་ཡོད་ལ། ཀྲུང་གོ་ཕྱོགས་ཀྱི་ཁེ་ལས་ཀྱིས་ཨར་པ་ནི་ཡར་དངུལ་གཏོང་ལས་སྤེལ་བྱེད་པར་དགའ་བསུ་ཞུ་བཞིན་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།