ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་བདུན་པའི་པེ་ཅིང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་འགོ་ཚུགས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-04-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1492482679488254.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་16ཉིན་སྐབས་བདུན་པའི་པེ་ཅིང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ་པེ་ཅིང་ཧོ་རུའེ་ཏའོ་རྒྱལ་ཁབ་གློག་བརྙན་གྲངས་འཛིན་པར་རྒྱག་ལྟེ་གནས་སུ་གཟབ་རྒྱས་ངང་འཚོགས་ཤིང་། ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་གློག་བརྙན་དུས་ཆེན་ནང“རྒྱུད་གཅིག་ལམ་གཅིག”གི་ལེ་ཚན་རྐྱང་པ་བཀོད་སྒྲིག་བྱས་ཡོད་པ་དང“རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་རྒྱལ་ཁབ་ཀྱི་གློག་བརྙན་པར་རྒྱག་ལ་དོ་ཁུར་དང་གློག་བརྙན་ལྟེ་བར་བྱས་ཏེ་དར་ལམ་གྱི་སྙིང་སྟོབས་རྒྱུན་འཛིན་བྱ་རྒྱུ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། སྐབས་བདུན་པའི་པེ་ཅིང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ནང“ཐེན་ཐན་བྱ་དགའི”བྱ་དགའ་དཔྱད་འདེམས་དང་། འགོ་ཚུགས་མཛད་སྒོ པེ་ཅིང་གློག་བརྙན་འགྲེམས་སྟོན། པེ་ཅིང་གི་ཇུས་འགོད་ཀྱི་བརྗོད་དོན་གཙོ་བོའི་གླེང་སྟེགས། གློག་བརྙན་ཁྲོམ་ར། གློག་བརྙན་གྱི་དགའ་ནེའུ་དུས་ཆེན། མཇུག་འགྲིལ་མཛད་སྒོ་དང་བྱ་དགའ་སྤྲོད་པའི་མཛད་སྒོ་སོགས་བྱེད་སྒོ་ཆེ་གྲས་བདུན་ཡོད་པ་དང་དེ་བཞིན“འབྱུང་འགྱུར་ལ་ལྟ་བ”ཞེས་པ་དང་། དངོས་མཚོན་གློག་བརྙན། “པེ་ཅིང་གི་ཁྲང་ཤིའི་གློག་བརྙན་རྩེ་གྲ”དྲ་ཐོག་གློག་བརྙན། གློག་བརྙན་རོལ་དབྱངས། གློག་བརྙན་གྱི་བགྲོ་གླེང་། ལས་རིགས་སྤེལ་རེས། གློག་བརྙན་གསར་པ་ཁྱབ་བསྒྲགས་སོགས་བྱེད་སྒོ་300ཙམ་ཡོད་པ་རེད།

དེའི་ནང“རྒྱུད་གཅིག་ལམ་གཅིག”སྐོར་གྱི་ལེ་ཚན་དེ་འདི་ལོའི་པེ་ཅིང་གློག་བརྙན་དུས་ཆེན་ནང་གི་བཀྲག་མདངས་འཚེར་ས་གལ་ཆེན་ཞིག་ཡིན་ཞིང་། རྒྱལ་ཁབ་ཀྱི་འཐབ་ཇུས་དགོངས་པར་དམིགས་ནས“པེ་ཅིང་གློག་བརྙན་འགྲེམས་སྟོན”ནང་གློག་བརྙན་དུས་ཆེན་གྱི་མིག་རྒྱང་ཆེ་རུ་བཏང་ནས“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་རྒྱལ་ཁབ་ཀྱི་གློག་བརྙན་པར་རྒྱག་ལ་དོ་ཁུར་བྱས་ཏེ་གློག་བརྙན་འབྲེལ་ཐག་ཏུ་བྱས་ནས་དར་ལམ་སྙིང་སྟོབས་རྒྱུན་འཛིན་བྱ་རྒྱུ་རེད། “པེ་ཅིང་གློག་བརྙན་འགྲེམས་སྟོན”ནང་རྒྱལ་ཁབ་དང་ས་ཁུལ་100ལྷག་ཙམ་གྱི་གློག་བརྙན་2000ལྷག་ཙམ་ཡོད་པའི་ནང་ནས་གློག་བརྙན་500འདེམས་སྒྲུག་བྱས་ནས་པེ་ཅིང་གི་ཚོང་ལས་གློག་བརྙན་ཁང་དང་། སྒྱུ་རྩལ་གློག་བརྙན་ཁང་། མཐོ་སློབ་གློག་བརྙན་ཁང་སོགས་གློག་བརྙན་ཁང་30ཙམ་ལ་དུས་ཡུན་ཉིན་16ནང་གཅིག་སྡུད་ཐོག་བསྟན་རྒྱུ་རེད། བྱེད་སྒོ་དེ་ནི་འདི་ལོ་རྒྱལ་ས་པེ་ཅིང་གི་གཞི་ཁྱོན་ཆེ་ཤོས་ཀྱི་གློག་བརྙན་སྟོན་ཚོགས་གཟབ་རྒྱས་ཤིག་རེད།

རྩོམ་སྒྲིག་པ། : འབུམ་པ་རྒྱལ།