ཀྲུང་གོ་བོད་ཀྱི་དྲ་བ།

གཙང་གསུམ་ཆུ་འགོ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་གླིང་ཁུལ་ཚན་པ་དང་2017ལོའི་ལོ་འཁོར་གྱི་དམིགས་ཚད་འགན་འཁྲིའི་ཡི་གེ་བཞག་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2017-04-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གཙང་གསུམ་ཆུ་འགོ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་2017ལོའི་ལོ་འཁོར་གྱི་དམིགས་ཚད་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་པ་དང་འབྲེལ། རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིའི་ཚོད་ལྟའི་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཅུས་ཏང་ཨུད་ཚན་ཁག་གིས་རྨ་ཆུའི་ཆུ་འགོ་ཁུལ་དོ་དམ་ཨུ་ལྷན་དང་། འབྲི་ཆུའི་ཆུ་འགོ་ཁུལ་དོ་དམ་ཨུ་ལྷན་གྱི་འབྲི་སྟོད་དང་། ཆུ་དམར་ལེབ། ཁུ་ཁུ་ཤིས་རི་བཅས་དོ་དམ་ཁྲུའུ། རྫ་ཆུ་གླིང་ཁུལ་དོ་དམ་ཨུ་ལྷན་སོགས་ཚན་པ་དང་སྡེ་ཚན་དང་ལོ་འཁོར་གྱི་དམིགས་ཚད་འགན་འཁྲིའི་ཡི་གེ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་ཡི་གེ་བཞག་པ་རེད།

ན་ནིང་ཟླ་བཞི་པའི་ཚོད་ལྟའི་ལས་དོན་སྤེལ་ཚུན། མཚོ་སྔོན་ཞིང་ཆེན་གྱིས་གོང་འོག་ཟུང་དུ་འབྲེལ་ནས་གཙང་གསུམ་ཆུ་འགོ་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིར་ཚོད་ལྟ་བྱ་རྒྱུ་དེ་སྒྱུར་བཅོས་ལས་གྲྭ“ཨང་དང་པོར”བརྩིས་ནས་ཞིང་ཆེན་ཡོངས་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་ཏེ་སྐུལ་འདེད་བཏང་ཞིང་། ལོ་གཅིག་རིང་སྒྱུར་བཅོས་གཏིང་ཟབ་བྱས་པ་བརྒྱུད་སྣོད་བཅུད་སྤྱི་ཕན་དོ་དམ་སྲུང་སྐྱོང་ལམ་སྲོལ་དང་གནད་སྨིན་དབུལ་སྐྱོར་ལས་དོན་སྦྲེལ་མཐུད་ནུས་ལྡན་དང་། གཙང་གསུམ་ཆུ་འགོའི་དུས་ཐེངས་གཉིས་པའི་ལས་གྲྭར་མུ་མཐུད་སྐུལ་འདེད། ལམ་ལུགས་འཛུགས་སྐྱོང་ནུས་ལྡན། ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་གསར་གཏོད། རྒྱལ་ཁབ་སྤྱི་གླིང་གི་གཟུགས་བརྙན་དཔེ་གསར་བཏོད་པ་བཅས་བྱས་ནས་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་ཕྱོགས་8ཐད་དང་གཙོ་གནད་ལས་འགན་ཁག་31དུས་བཀག་ལྟར་ཕྱོགས་ཡོངས་ནས་ལེགས་གྲུབ་ཐུབ་པའི་འགན་ལེན་བྱས་པ་རེད།

རྩོམ་སྒྲིག་པ། : འབུམ་པ་རྒྱལ།