ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དྲིལ་སྒྲོག་པུའུ་ཀྲང་གི་བཞུགས་མོལ་ཚོགས་འདུ་པེ་ཅིན་ནས་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཞི་བའི་ཚེས་བཅུ་ཉིན། རྒྱལ་ཡོངས་དྲིལ་སྒྲོག་པུའུ་ཀྲང་གི་བཞུགས་མོལ་ཚོགས་འདུ་པེ་ཅིན་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། འདུ་ཤེས་བཞི་ཆགས་པར་བྱེད་པ་དང་བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་འཆར་གཞི་རྒྱུན་འཁྱོངས་བྱེད་དགོས་ལ། མི་དམངས་དཀྱིལ་སྙིང་ཡིན་པའི་བྱ་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། དྲང་ཕྱོགས་ནུས་ཚད་གཅིག་སྡུད་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བར་བསུ་མ་བྱེད་པའི་དྲིལ་སྒྲོག་བྱ་བ་བཟང་བོར་སྒྲུབ་དགོས་ཞེས་ནན་གྱིས་བསྟན།

ལིག་ཡུན་ཧྲན་གྱིས་བསྟན་དོན། དྲིལ་སྒྲོག་བསམ་བློ་འཐབ་ཕྱོགས་ཀྱིས་རིགས་གཞུང་སློབ་སྦྱོང་ལ་ཤུགས་སྣོན་པ་དང་ཏང་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། འགན་འཁྲིའི་ཁག་ཁུར་ནུས་པ་ཇེ་ཆེར་བཏང་ནས་བྱ་བ་བཟང་བོར་བསྒྲུབ་པའི་ནུས་པ་ཇེ་ཆེར་གཏོང་དགོས། ཧུར་ཐག་སྒོས་དྲིལ་སྒྲོག་བསམ་བློ་བྱ་བའི་ལེགས་སྒྱུར་དང་གསར་སྐྲུན་ལ་སྐུལ་འདེད་བཏང་སྟེ་བསམ་བློའི་ནང་དོན་ཕུན་སུམ་ཚོགས་པར་གཏོང་བ་དང་དྲིལ་སྒྲོག་རྣམ་པ་གསར་སྐྲུན་བྱས་ནས། དྲིལ་སྒྲོག་བསམ་བློ་བྱ་བའི་ཐད་ནས་གྲུབ་འབྲས་མངོན་གསལ་ལེན་དགོས་པར་མ་ཟད་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་དགོས་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།