ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས་འབར་མའི་ཙུང་ཐུང་ཝུའུ་ཐིན་ཅེའོ་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

0f286c53a2c40e0a81353bfab8d312e6.jpg

         ཟླ4བའི་ཚེས10ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་འབར་མའི་ཙུང་ཐུང་ཝུའུ་ཐིན་ཅེའོ་དང་གྲོས་མོལ་མཛད། གྲོས་མོལ་གྱི་སྔོན་ལ། ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་གྱི་ཐང་ཆེན་ནས་ཝུའུ་ཐིན་ཅེའོ་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས། 

d727fd7f76c3fe2f8d38e3a62ad80c4b.jpg

     ཟླ4བའི་ཚེས10ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་འབར་མའི་ཙུང་ཐུང་ཝུའུ་ཐིན་ཅེའོ་དང་གྲོས་མོལ་མཛད། གྲོས་མོལ་གྱི་སྔོན་ལ། ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་གྱི་ཐང་ཆེན་ནས་ཝུའུ་ཐིན་ཅེའོ་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅུ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་འབར་མའི་ཙུང་ཐུང་ཝུའུ་ཐིན་ཅེའོ་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་སྐྱིད་སྡུག་མཉམ་མྱོང་གི་གོམས་སྲོལ་བཟང་པོ་རྒྱུན་འཁྱོངས་བྱེད་པ་དང་། ཕན་ཚུན་བརྩི་བཀུར་དང་གཉིས་ཕན་མཉམ་རྒྱལ་གྱི་མཉམ་ལས་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་དང་འབར་མའི་འབྲེལ་བ་རྒྱུན་སྲིང་དང་བདེ་ཐང་ངང་འཕེལ་རྒྱས་སུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་ཆེན་པོ་སྐྲུན་པར་འཐད་པ་བྱུང་།

ཞི་ཅིན་ཕེན་གྱིས་བསྟན་དོན། ཀྲུང་གོ་དང་འབར་མ་གཉིས་ནི་ཁྱིམ་མཚེས་ཡིན་པ་དང་ཕན་ཚུན་བར་དུ་མཛའ་བརྩེ་ཟབ་མོ་ཡོད། ཕྱོགས་གཉིས་བར་འབྲེལ་བ་བཙུགས་ནས་ལོ་རེ་བདུན་འགོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་རྨང་གཞིའི་སྟེང་གོང་འཕེལ་ཆེན་པོ་བྱུང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་ངོ་མ་བསྐྲུན་ཡོད། ཀྲུང་གོས་འབར་མའི་བར་གྱི་འབྲེལ་བ་གོང་འཕེལ་དུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ལ། འབར་མ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་དམིགས་པ་དང་། ཀྲུང་གོ་དང་འབར་མའི་འབྲེལ་བའི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱེད་པ། ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཆུ་ཚད་མཐོར་འདེགས་སུ་གཏོང་བ་བཅས་བྱས་ཏེ། དུས་གཏན་དུ་ཁྱིམ་མཚེས་བཟང་པོ་དང་གྲོགས་པོ་བཟང་པོ་བྱེད་འདོད་ཡོད་ཟེར།

ཞི་ཅིན་ཕེན་གྱིས་ཀྲུང་གོས་འབར་མ་རྒྱལ་ཁབ་རང་གི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་དུ་སྐྱོད་པར་བརྩི་བཀུར་བྱེད་པ་དང་། འབར་མའི་རྒྱལ་ནང་གི་ཞི་བདེའི་འཕེལ་རིམ་ཐད་མུ་མཐུད་དུ་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་འདོད་ཡོད་ལ། འབར་མ་དང་མཉམ་དུ་ཀྲུང་གོ་དང་འབར་མའི་མཐའ་མཚམས་ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་ནན་གྱིས་བསྟན།

ཝུའུ་ཐིན་ཅེའོ་ཡིས་འབར་མས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་ཟབ་ཞུགས་བྱེད་རྒྱུ་ཡིན་པར་མ་ཟད། ཕྱོགས་གཉིས་བར་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་སོགས་ཁྱབ་ཁོངས་ཀྱི་ལས་གཞི་གལ་ཆེན་གྱི་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བརྩེ་ཇེ་ཟབ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཀྱི་གཞོགས་འདེགས་མཉམ་ལས་ཇེ་ཟབ་ཏུ་གཏོང་རྒྱུ་ཡིན་ཞེས་བཤད།

གྲོས་མོལ་གྱི་རྗེས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་རྒྱལ་ཁབ་གཉིས་ཀྱིས་དཔལ་འབྱོར་ལག་རྩལ་དང་སྨན་བཅོས། ལུས་རྩལ། འགྲིམ་འགྲུལ། ནགས་ལས། རིག་དངོས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་བཀོད་པར་བདེན་དཔང་བྱས།

ཕྱོགས་གཉིས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་འབར་མ་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསར་འགྱུར་སྤྱི་བསྒྲགས་སྤེལ།

གྲོས་མོལ་གྱི་སྔོན་ལ། ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་གྱི་ཐང་ཆེན་ནས་ཝུའུ་ཐིན་ཅེའོ་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས། ཀྲུའུ་ཞི་ཅིན་ཕེན་གྱི་ལྕམ་མོ་ཕིན་ལིས་ཡོན་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཡན་ཅོན་ཆི། རྒྱལ་སྲིད་ཨུ་ཡོན་དབྱང་ཅེ་ཁྲི། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཅ་རོས་སོགས་མཛད་སྒོར་ཞུགས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།