རེས་གཟའ་སྤེན་པའི་དང་བླངས་ཞབས་ཞུ།

1491807100267696.jpg

ཧོ་པེ་ཞིང་ཆེན་ལང་ཕང་གྲོང་ཁྱེར་གྱི་ལས་ཁུངས་དང་ཁེ་ལས་བྱ་གཞག་ཚན་པ་ཁག་གི་དང་བླངས་ཞབས་ཞུ་རུ་ཁག་90དང་དང་བླངས་པ་2000ལྷག་ཙམ་གྲོང་ཁྱེར་ནང་གི་སྡེ་ཁུལ་90ལྷག་ཙམ་དང་ཐང་ཆེན་དུ་བསྐྱོད་ནས་དང་བླངས་ཞབས་ཞུའི་བྱེད་སྒོ་སྣ་ཚོགས་སྤེལ་བ་རེད། ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་ཟླ་3པའི་རྗེས་ལང་ཕང་གྲོང་ཁྱེར་གྱིས“ཁྱིམ་ཚང་ཁྲི་སྟོང་མང་པོར་འཚམས་འདྲི་བྱེད། ཤེས་དཔལ་གྲོང་ཁྱེར་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་རེས་གཟའ་སྤེན་པའི་དུས་ཚོད་སྤྱད་དེ“རེས་གཟའ་སྤེན་པའི་ཤེས་དཔལ་བྱ་སྤྱོད”ཅེས་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་མུ་མཐུད་སྤེལ་བའི་ནང་སྤྱི་ཕན་དྲིལ་བསྒྲགས་འོས་སྦྱོར་དང་། ཤེས་དཔལ་གུས་སྲོལ་ཁྱབ་གདལ། ཁྱིམ་མཚེས་དབར་ཕན་ཚུན་རོགས་རམ། སྡེ་ཁུལ་གྱི་ཁོར་ཡུག་བཅོས་སྒྲིག་སོགས་ནང་དོན་ཚུད་ཅིང་། འདི་ནི་ལང་ཕང་གྲོང་ཁྱེར་ཧྭ་ཤ་དཔེ་མཚོན་སྡེ་ཁུལ་དུ་དང་བླངས་པས་སྡེ་ཁུལ་གྲོང་མིར་རིན་མེད་ངང་སྐྲ་བཞར་བའི་གནས་ཚུལ་ཡིན་པ།

རྩོམ་སྒྲིག་པ། གླིང་སྨྱོན།

དཔྱད་མཆན 0 ཡོད།