ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས་སུའེ་ཏེན་གྱི་རྒྱལ་པོར་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་པ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་འདིའི་ཚེས་བརྒྱད་ཉིན།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སི་ཏི་ཀིར་མའོ་ནས་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་གྱི་ཐད་ནས་སུའེ་ཏེན་གྱི་རྒྱལ་པོ་ཁ་ཨར་སྐུ་ཕྲེང་བཅུ་དྲུག་པ་ཀུའུ་སི་ཐ་ཧྥུའུ་ལ་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་ནས། དྲག་ཤུགས་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་པར་མ་ཟད་ཉེས་མེད་འདས་པོ་རྣམས་ལ་སེམས་གཏིང་ནས་མྱ་ངན་ཞུས་པ་དང་།  འདས་པོ་དང་རྨས་མའི་ཁྱིམ་མི་རྣམས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་བྱས་པ་རེད།

ཞི་ཅིན་ཕེན་གྱིས་བསྟན་དོན།  ཀྲུང་གོས་སུའེ་ཏེན་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་མཉམ་ལས་དམ་པོ་བྱས་ནས་ཀྲུང་གོ་དང་སུའེ་ཏེན་ཚུད་པའི་འཛམ་གླིང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པར་ནུས་ཤུགས་ཆེན་པོ་འདོན་འདོད་ཡོད་ཅེས་གསུངས།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།