ལིས་ཁི་ཆང་གིས་ནོར་ཝེ་ཡི་དབུ་བཞུགས་བློན་ཆེན་དང་གྲོས་མོལ་མཛད།

371.jpg

ཟླ་བཞི་བའི་ཚེས་བདུན་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་གོར་དངོས་གཞིའི་འཚམས་འདྲི་བྱེད་པར་ཡོང་བའི་ནོར་ཝེ་ཡི་དབུ་བཞུགས་བློན་ཆེན་ཨེ་ཨེར་ན.སོ་ཨེར་པེ་གི་དང་གྲོས་མོལ་མཛད། གྲོས་མོལ་མ་མཛད་པའི་སྔོན་དུ། ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་ནས་མཛད་སྒོ་བསྡུས་ཏེ་ནོར་ཝེ་ཡི་དབུ་བཞུགས་བློན་ཆེན་ཨེ་ཨེར་ན.སོ་ཨེར་པེ་གི་ཡིས་རང་རྒྱལ་དངོས་གཞི་འཚམས་འདྲི་བྱས་པར་དགའ་བསུ་ཞུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཞི་བའི་ཚེས་བདུན་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་གོར་དངོས་གཞིའི་འཚམས་འདྲི་བྱེད་པར་ཡོང་བའི་ནོར་ཝེ་ཡི་དབུ་བཞུགས་བློན་ཆེན་ཨེ་ཨེར་ན.སོ་ཨེར་པེ་གི་དང་གྲོས་མོལ་མཛད།

གྲོས་མོལ་མཛད་སྐབས། ལིས་ཁི་ཆང་གིས་ནོར་ཝེ་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཕྱོགས་ནས་དུས་ཡུན་རིང་བོར་ཡོ་རོབ་གླིང་རྒྱལ་ཁབ་ཀྱི་མདུན་གྲས་སུ་བསྐྱོད་མྱོང་ལ། མིག་སྔར། ཀྲུང་གོ་དང་ནོར་ཝེ་བར་གྱི་འབྲེལ་བ་རྒྱུན་ལྡན་གྱི་འཕེལ་རྒྱས་ལམ་བུ་རུ་ཞུགས་ཡོད་པས། ཕྱོགས་གཉིས་ཀྱིས་སྔར་ལས་གཅེས་སྤྲས་བྱེད་པ་དང་། ནོར་ཝེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱས་ནས། ཀྲུང་གོ་བར་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་མཉམ་གནས་བྱེད་པ་དང་། ཕན་ཚུན་བར་གྱི་ཁེ་ཕན་གཙོ་བོ་དང་དོ་སྣང་བྱེད་པའི་གནད་དོན་གལ་ཆེན་ལ་བརྩི་འཇོག་བྱེད་པ། ཆབ་སྲིད་ཡིད་རྟོན་ལ་ཤུགས་བསྣན་ནས། ཀྲུང་གོ་དང་ནོར་ཝེ་བར་གྱི་འབྲེལ་བ་དང་དངོས་གཉེར་མཉམ་ལས་དེ་མགོ་ཚུགས་ས་གསར་བའི་སྟེང་ནས་ཡང་བསྐྱར་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་བཏོན།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ནོར་ཝེ་རྒྱལ་ཁབ་བར་གྱི་རང་དབང་ཉོ་ཚོང་གྲོས་མོལ་ཡང་བསྐྱར་མགོ་རྩོམ་པ་དང་སྐོར་ཐེངས་གསར་བའི་དཔལ་འབྱོར་ཉོ་ཚོང་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུ་བ། ཆབ་སྲིད་གྲོས་མོལ་རྐྱེན་སྲོལ་སློར་གསོ་བྱེད་པ། སྲིད་གཞུང་བར་གྱི་ནུས་ཁུངས་སྲིད་ཇུས་གྲོས་མོལ་རྐྱེན་སྲོལ་འཛུགས་པ། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ལས་རིགས་ཀྱི་བརྗེ་རེས་ཇེ་ཟབ་ཏུ་གཏོང་བ་བཅས་བྱེད་འདོད་ཡོད་ལ། ནུས་ཁུངས་དང་རྒྱ་མཚོའི་བཟོ་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། ཕྱོགས་གསུམ་པའི་ཚོང་ར་གསར་གཏོད་བྱེད་པར་མཉམ་དུ་བགྲོ་གླེང་བྱེད་པ། ཞིང་ལས་དང་ཉ་ལས། ཚན་རྩལ་གསར་གཏོད། ས་གནས་མི་གཞུང་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་རྒྱ་བསྐྱེད་འདོད་ཡོད། ཀྲུང་གོས་སྐོར་ཐེངས་གསར་བའི་ཆུ་ཚད་སྔར་ལས་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་སྤེལ་བཞིན་པའི་སྒང་ཡིན་པས། ནོར་ཝེ་ཕྱོགས་ཀྱི་ཁེ་ལས་དང་རང་བདག་ཐེབས་རྩས་ཀྲུང་གོར་མ་དངུལ་སྔར་ལས་མང་པོ་བཏང་སྟེ། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་པར་དགའ་བསུ་བྱེད་བཞིན་ཡོད་ཟེར།

ལིས་ཁི་ཆང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ནོར་ཝེ་རྒྱལ་ཁབ་བར་གྱི་རྒྱལ་སྤྱི་དང་ས་ཁུལ་བྱ་བའི་ཁྲོད་ཀྱི་བརྗེ་རེས་དང་མཐུན་སྦྱོར་ལ་ཤུགས་བསྣན་ནས། ཀྲུང་གོ་དང་ནོར་ཝེ་ཡི་བྱང་སྣེ་ལས་འཛིན་ལྷན་ཚོགས་དང་ཀྲུང་གོ་དང་ཡོ་རོབ་གླིང་བྱང་མའི་མཉམ་ལས་སོགས་སྒྲོམ་གཞིའི་འོག་གི་མཉམ་ལས་ཐད་ནས་གྲུབ་འབྲས་སྔར་ལས་མང་པོ་ལེན་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

སོ་ཨེར་པེ་གི་ཡིས་བསྟན་དོན། ནོར་ཝེ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ལྡན་དུ་གྱུར་བ་དེ་མགོ་ཚུགས་ས་གསར་བ་བྱས་ཏེ། ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོ་ཕྱོགས་ཀྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ལ་བརྩི་འཇོག་བྱེད་པ། ཆབ་སྲིད་ཡིད་རྟོན་ཇེ་དྲག་ཏུ་བཏང་སྟེ། ཡུན་རིང་གི་མཛའ་བརྩེའི་གྲོགས་པོའི་མཉམ་ལས་འབྲེལ་བ་འཛུགས་འདོད་ཡོད། ནོར་ཝེ་ཕྱོགས་ཀྱིས་ཀྲུང་གོས་སྔ་མོ་ནས་རྒྱལ་ཁབ་གཉིས་ཀྱི་རང་དབང་ཉོ་ཚོང་གྲོས་མོལ་ཡང་བསྐྱར་མགོ་རྩོམ་པ་དང་། མཉམ་ལས་རྐྱེན་སྲོལ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ། ཁྱབ་ཁོངས་སོ་སོའི་མཉམ་ལས་དང་མི་གཞུང་བརྗེ་རེས་རྒྱ་བསྐྱེད་པ། སྣེ་སའི་བྱ་བ་དང་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་སྟེང་གི་བརྗེ་རེས་གཞོགས་འདེགས་ལ་ཤུགས་བསྣན་ནས། ཡོ་རོབ་གླིང་བྱང་མའི་རྒྱལ་ཁབ་དང་ཀྲུང་གོ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་པའི་རེ་བ་བཅངས་ཡོད་ཟེར།

གྲོས་མོལ་མཇུག་རྫོགས་རྗེས། ལིས་ཁི་ཆང་དང་སོ་ཨེར་པེ་གི་གཉིས་ཀྱིས་མཉམ་དུ་དཔལ་འབྱོར་ཉོ་ཚོང་དང་ཚན་རིག་ཞིབ་འཇུག རིག་གནས་ལུས་རྩལ། འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་མཉམ་ལས་ཡིག་ཆ་འགོད་པར་བདེན་དཔང་བྱས།

གྲོས་མོལ་མ་མཛད་པའི་སྔོན་དུ། ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་ནས་མཛད་སྒོ་བསྡུས་ཏེ་ནོར་ཝེ་ཡི་དབུ་བཞུགས་བློན་ཆེན་ཨེ་ཨེར་ན.སོ་ཨེར་པེ་གི་ཡིས་རང་རྒྱལ་དངོས་གཞི་འཚམས་འདྲི་བྱས་པར་དགའ་བསུ་ཞུས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆིན་མེན་དགའ་བསུ་ཞུ་བའི་མཛད་སྒོར་ཞུགས། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།