ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་གོ་ལིས་ཀྱིས་ཐེ་གོའི་ཀོང་ཇོ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

370.jpg

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲུང་གོ་ལིས་ཀྱིས་ཚེས་བདུན་ཉིན་ཀྲུང་ནན་ཧེ་ཙི་ཀུང་གི་ནས་ཐེ་གོའི་ཀོང་ཇོ་ཧྲི་ལེན་ཐུང་ལ་མཇལ་འཕྲད་གནང་།  

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲུང་གོ་ལིས་ཀྱིས་ཚེས་བདུན་ཉིན་ཀྲུང་ནན་ཧེ་ཙི་ཀུང་གི་ནས་ཐེ་གོའི་ཀོང་ཇོ་ཧྲི་ལེན་ཐུང་ལ་མཇལ་འཕྲད་གནང་།

ཀྲང་གོ་ལིས་ཀྱིས་ཀོང་ཇོ་ཧྲི་ལེན་ཐུང་གིས་ཀྲུང་གོར་འཚམས་འདྲི་བྱས་པར་དགའ་བསུ་ཞུས་པ་དང་། ཁོ་མོའི་དུས་ཡུན་རིང་བོར་ཀྲུང་གོ་དང་ཐེ་གོའི་མཛའ་བརྩེའི་ཐད་བཞག་པའི་བྱས་རྗེས་ལ་གདེང་འཇོག་ཚད་མཐོན་པོ་བྱས། ཀྲང་གོ་ལིས་ཀྱིས་བསྟན་དོན། ཀྲུང་གོ་དང་ཐེ་གོའི་བར་གྱི་འབྲེལ་བ་བཟང་བ་དང་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་བར་གྱི་འགྲོ་འོང་མང་ལ། ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བ་ནམ་ཡང་ཀྲུང་གོ་དང་ཤར་ཕྱོགས་མནའ་འབྲེལ་རྒྱལ་ཁབ་ཀྱི་མདུན་གྲས་སུ་བསྐྱོད་བཞིན་ཡོད་ལ། དེ་ཐེ་གོའི་རྒྱལ་རྒྱུད་ཀྱི་ཐུགས་ཁར་དང་ཡར་སྐུལ་དང་འབྲལ་ཐབས་མེད། རྒྱལ་བོ་ཝ་ཅི་ལཱ་ལོང་གོང་གི་སྣེ་ཁྲིད་འོག ཐེ་གོ་རྒྱལ་ཁབ་ཀྱི་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་སྔར་ལས་བཟང་བོ་ལེན་ཐུབ་པར་ང་ལ་ཡིད་ཆེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐེ་གོ་བར་གྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། གཉིས་ཕན་མཉམ་རྒྱལ་དང་མཉམ་དུ་འཕེལ་རྒྱས་སུ་གཏོང་བར་འབད་བརྩོན་བྱེད་འདོད་ཟེར།

ཧྲི་ལེན་ཐུང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་བོར་ཁྱབ་ཁོངས་སོ་སོ་ནས་ཐེ་གོ་ཕྱོགས་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་བཀའ་དྲིན་ཞུས་པ་དང་། ཕྱོགས་གཉིས་ཀྱིས་ཚན་རྩལ་དང་སློབ་གསོ། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྔར་ལས་ཤུགས་སྣོན་པའི་རེ་བ་བཅངས་ཡོད་ལ། ངས་མུ་མཐུད་དུ་ཕྱོགས་གཉིས་ཀྱི་གཉིས་ཕན་མཉམ་ལས་ཐད་འབད་འཐབ་བྱེད་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།