ཞི་ཅིན་ཕེན་དང་ཐི་ལང་ཕུའུ་གཉིས་ཀྱིས་ཀྲུང་གོ་དང་ཨ་མེ་རི་ཁའི་གཙོ་འཛིན་གྱི་དངོས་གཞིའི་ཐུག་འཕྲད་ཐེངས་གཉིས་པ་སྤེལ།

368.jpg

ས་དེའི་ཚེས་བདུན་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཨ་མེ་རི་ཁའི་ཧྥོ་ལོ་ལེ་ཏ་ཀྲིག་གི་ཧེ་ཧུའུ་གཞིས་ཀ་ནས་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་དང་མཉམ་དུ་ཀྲུང་གོ་དང་ཨ་མེ་རི་ཁའི་གཙོ་འཛིན་གྱི་དངོས་གཞིའི་ཐུག་འཕྲད་ཐེངས་གཉིས་པ་སྤེལ།

369.jpg

ས་དེའི་ཚེས་བདུན་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཨ་མེ་རི་ཁའི་ཧྥོ་ལོ་ལེ་ཏ་ཀྲིག་གི་ཧེ་ཧུའུ་གཞིས་ཀ་ནས་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་དང་མཉམ་དུ་ཀྲུང་གོ་དང་ཨ་མེ་རི་ཁའི་གཙོ་འཛིན་གྱི་དངོས་གཞིའི་ཐུག་འཕྲད་ཐེངས་གཉིས་པ་སྤེལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་ཚེས་བདུན་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཨ་མེ་རི་ཁའི་ཧྥོ་ལོ་ལེ་ཏ་ཀྲིག་གི་ཧེ་ཧུའུ་གཞིས་ཀ་ནས་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་དང་མཉམ་དུ་ཀྲུང་གོ་དང་ཨ་མེ་རི་ཁའི་གཙོ་འཛིན་གྱི་དངོས་གཞིའི་ཐུག་འཕྲད་ཐེངས་གཉིས་པ་སྤེལ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཀྲུང་གོ་དང་ཨ་མེ་རི་ཁའི་ཁྱབ་ཁོངས་གལ་ཆེན་གྱི་དངོས་གཉེར་མཉམ་ལས་དང་མཉམ་དུ་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་ཟབ་མོ་མཛད། ཕྱོགས་གཉིས་ཀྱིས་བལྟས་ན། ཐེངས་འདིའི་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུག་འཕྲད་ནི་དགེ་མཚན་ལྡན་པ་དང་གྲུབ་འབྲས་ཕུན་སུམ་ཚོགས་པ་ཞིག་ཡིན་པར་འདོད། ཕྱོགས་གཉི་ག་མཉམ་དུ་འབད་བརྩོན་བྱས་ཏེ། གཉིས་ཕན་མཉམ་ལས་ཁྱབ་ཁོངས་རྒྱ་བསྐྱེད་རྒྱུ་མ་ཟད། ཕན་ཚུན་བརྩི་བཀུར་བྱེད་པའི་རྨང་གཞིའི་སྟེང་འགལ་བར་དོ་དམ་དང་ཚོད་འཛིན་བྱེད་རྒྱུར་འཐད་པ་བྱུང་།

ཞི་ཅིན་ཕེན་གྱིས་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁའི་གཙོ་འཛིན་གྱི་ཐེངས་འདིའི་མཚོ་འགྲམ་གཞིས་ཀའི་ཐུག་འཕྲད་ནི་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་གོང་འཕེལ་དུ་གཏོང་བར་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན། ང་དང་སྐུ་ཞབས་ཙུང་ཐུང་གཉིས་ཀྱིས་དུས་ཚོད་རིང་པོར་བརྗེ་རེས་བྱས་ཏེ། ཕན་ཚུན་བར་གྱི་རྒྱུས་ལོན་ཇེ་ཟབ་ཏུ་སོང་བ་དང་། ཕན་ཚུན་གྱི་ཡིད་ཆེས་ཇེ་བརྟན་དུ་སོང་ནས། ཐུན་མོང་གི་ལྟ་བ་མང་པོ་བྱུང་བ་ད་ང། བྱ་བའི་འབྲེལ་བ་བཟང་པོ་བཙུགས་ཡོད། ཕྱོགས་གཉིས་ཀྱིས་འབྲེལ་བ་དེ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ་དང་། མཛའ་མཐུན་མཉམ་ལས་ཇེ་ཟབ་ཏུ་བཏང་ནས། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་གོང་འཕེལ་དུ་གཏོང་བ་དང་། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བཟང་པོར་བདེ་སྐྱིད་སྐྲུན་ཏེ། འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས། དར་རྒྱས་བཅས་ལ་ཡར་སྐུལ་བྱེད་པར་ང་ཚོའི་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་ལེན་དགོས་ཟེར།

ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཕན་ཚུན་བར་དུ་ཉོ་ཚོང་གི་གྲོགས་པོ་རྒྱལ་ཁབ་ཆེས་ཆེན་པོར་གྱུར་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དེའི་ཁྲོད་ནས་ཁེ་ཕན་ཐོབ་ཡོད། ཀྲུང་གོས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་སྤེལ་བ་དང་། ནང་མཁོ་རྒྱུན་ཆད་མེད་པར་རྒྱ་བསྐྱེད་བཞིན་ཡོད་པས། ཞབས་ཞུའི་ལས་རིགས་ཀྱིས་རྒྱལ་དམངས་དཔལ་འབྱོར་ཁྲོད་ཟིན་པའི་བསྡུར་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་འགྲོ་བཞིན་ཡོད། ཀྲུང་གོའི་དཔལ་འབྱོར་ཐད་འཕེལ་རྒྱས་ཀྱི་གནས་བབ་བཟང་པོ་སྲུང་འཛིན་བྱ་རྒྱུ་ཡིན་ལ། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་ཤུགས་སྣོན་པའི་མདུན་ལྗོངས་རྒྱ་ཆེ་བས། ཕྱོགས་གཉིས་ཀྱིས་གོ་སྐབས་འདི་དམ་འཛིན་བྱེད་དགོས་ཟེར།

ཞི་ཅིན་ཕེན་གྱིས་བསྟན་དོན། དམག་དཔུང་བར་གྱི་འབྲེལ་བ་དང་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཡིན་ལ། དམག་དོན་བདེ་འཇགས་ཡིད་རྟོན་ནི་ཀྲུང་གོ་དང་ཨ་རིའི་འཐབ་ཇུས་ཡིད་རྟོན་གྱི་རྨང་གཞི་ཡིན་པས། ཕྱོགས་གཉིས་ཀྱིས་དམག་དཔུང་གི་རིམ་པ་སོ་སོའི་འགྲོ་འོང་སྲུང་འཛིན་བྱེད་པ་དང་། ཀྲུང་གོ་དང་ཨ་རིའི་རྒྱལ་སྲུང་གྲོས་མོལ་དང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་བདེ་འཇགས་གྲོས་མོལ་སོགས་གྲོས་མོལ་རྐྱེན་སྲོལ་གྱི་ནུས་པ་མུ་མཐུད་འདོན་སྤེལ་བཟང་པོ་བྱེད་དགོས། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ་དམག་དཔུང་བར་གྱི་ཡིད་རྟོན་དང་མཉམ་ལས་རྒྱུན་ཆད་མེད་ཇེ་ཟབ་ཏུ་གཏོང་དགོས་ཟེར།

ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། མི་གཞུང་བརྗེ་རེས་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་རྟེན་གཞི་ཡིན་པས། ཕྱོགས་གཉིས་ཀྱིས་མི་གཞུང་བརྗེ་རེས་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་མཐུན་འགྲོ་འོང་རྒྱ་བསྐྱེད་པ། སློབ་གྲྭའི་བར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ། གནས་སྐོར་ལས་རིགས་ཀྱི་མཉམ་ལས་ལ་ཡར་སྐུལ་བྱེད་པ། སྒྱུ་རྩལ་བརྗེ་རེས་རྒྱ་བསྐྱེད་པ། ལུས་རྩལ་མཉམ་ལས་ལ་ཤུགས་སྣོན་པ། སྨན་བཅོས་འཕྲོད་བསྟེན་མཉམ་ལས་སྤེལ་བ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་དམངས་བློའི་རྨང་གཞི་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོ་དང་ཨ་རིའི་འབྲེལ་བ་ཡུན་རིང་པོར་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་དྲང་ཕྱོགས་ཀྱི་ནུས་ཚད་སྔར་ལས་མང་པོ་འདོན་སྤྲོད་བྱེད་དགོས་ཟེར།

ཞི་ཅིན་ཕེན་གྱིས་ཐི་ལང་ཕུའུ་ལ་ཀྲུང་གོའི་འཕེལ་རྒྱས་འདུ་ཤེས་མཚམས་སྦྱོར་བྱས། ཁོང་གིས་ཀྲུང་གོ་བློ་བརྟན་འགྱུར་མེད་ངང་ཞི་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྐྱོད་རྒྱུ་ཡིན་པ་དང་། གཞན་ཕམ་རང་རྒྱལ་གྱི་འདུ་ཤེས་ལག་བསྟར་མི་བྱེད་ལ། རྒྱལ་ཁབ་དར་རྒྱས་ཆེ་ན་བཙན་དབང་བཀོལ་བའི་ལམ་རྙིང་པར་མི་སྐྱོད། ཀྲུང་གོས་ཨ་མེ་རི་ཁ་དང་མཉམ་དུ་འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས། དར་རྒྱས་བཅས་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་ནན་གྱིས་བསྟན།

ཐི་ལང་ཕུའུ་ཡིས་བཤད་རྒྱུར། ང་དང་ཀྲུའུ་ཞི་ཞི་ཅིན་ཕེན་གཉིས་ཀྱིས་གྲོས་མོལ་བཟང་པོ་བྱས་ཏེ། མཛའ་བརྩེ་ཟབ་མོ་ཆགས་ཡོད། ཐེངས་འདིའི་ཐུག་འཕྲད་ལ་གལ་ཆེ་ཞིང་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ནས། ཨ་རི་དང་ཀྲུང་གོའི་འབྲེལ་བ་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་ཆེན་པོ་བཏང་ཡོད། ཕྱོགས་གཉིས་ཀྱི་ཚོགས་པས་ཕྱི་འབྲེལ་བདེ་འཇགས་གྲོས་མོལ་དང་ཁྱོན་ཡོངས་ཀྱི་དཔལ་འབྱོར་གྲོས་མོལ་སྤེལ་བར་ཐད་ཀར་དུ་བརྗེ་རེས་བྱས་པ་མ་ཟད། གྲུབ་འབྲས་ངོ་མ་ཐོབ་ཡོད། ཨ་མེ་རི་ཁས་ཀྲུང་གོ་དང་མཉམ་དུ་དཔལ་འབྱོར་ཉོ་ཚོང་དང་དམག་དཔུང་། མི་གཞུང་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་མུ་མཐུད་དུ་ཤུགས་སྣོན་འདོད་ཡོད། ཨ་མེ་རི་ཁས་ཀྲུང་གོ་དང་མཉམ་དུ་མཉམ་ལས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་བར་ཆད་བཟོ་བའི་རྒྱུ་རྐྱེན་དང་གནད་དོན་ཧུར་ཐག་གིས་སེལ་ནས། ཨ་རི་དང་ཀྲུང་གོའི་འབྲེལ་བ་གོང་འཕེལ་སྔར་ལས་ཆེན་པོ་གཏོང་རྒྱུ་ཡིན་ལ། ཨ་རི་དང་ཀྲུང་གོའི་འབྲེལ་བ་གོང་འཕེལ་སྔར་ལས་བཟང་པོ་འབྱུང་ཐུབ་པ་ཤ་སྟག་ཡིན་ཟེར།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།